བོད་ཀྱི་གཞོན་ནུ།

མཐོ་མཐོ་འཛམ་གླིང་ཡང་རྩེར་འགྱིང་བ་ཡི།།

སྐྱིད་སྐྱིད་ཕ་ཡུལ་ལྗོན་པའི་ཞིང་ཁམས་དངོས།།

རིང་རིང་ལོ་རྒྱུས་ལྡན་པའི་གནས་ཀྱི་མཆོག།

མཛེས་མཛེས་གངས་ཅན་སྙན་པ་རིང་ནས་འཕུར།།

ཡང་ཡང་ཡུལ་གྲུ་འདི་ན་བསྟི་བ་ཡི།།

Kkགཞོན་གཞོན་ཕོ་མོ་དཔྱིད་ཀྱི་སྨྱུག་གསར་ནི།།

མང་མང་མཁའ་ཡི་སྐར་ཚོགས་ལས་མང་ཞིང༌།།

གསལ་གསལ་བློ་གྲོས་ཉི་ཟླའི་དཔལ་དང་མཉམ།།

གང་གང་ཤེས་བྱའི་གནས་ལ་ཆེས་བརྩོན་ཞིང༌།།

འཇམ་འཇམ་གཤིས་ཀ་ལུ་གུའི་བལ་གྱི་སྤུན།།

མཐུན་མཐུན་མཛའ་བའི་འཆིང་ཞགས་མི་ལྷོད་པའི།།

བཟང་བཟང་བོད་ཀྱི་གཞོན་ནུར་མི་སྨོན་སུ།།

རང་གི་སྐད་ཡིག་གཙོར་བཟུང་བྱེད་དང་ལྷན།།

ལྷན་ཅིག་གཞན་གྱི་ཡིག་རིགས་སྦྱངས་བརྩོན་གྱིས།།

ཤེས་བྱའི་མཐོང་རྒྱ་ཆེ་རུ་གཏོང་ཕོད་པའི།།

བོད་ཀྱི་གཞོན་ནུ་སྐད་གཉིས་ལོ་ཙཱར་མཁས།།

བཞི་བརྒྱ་རྩ་བཞིའི་ནད་རིགས་འབུ་ཕྲ་ཀུན།།

རྣམ་དཔྱོད་ཕྲ་མཐོང་ཤེལ་གྱིས་ལེགས་མཐོང་ཞིང༌།།

གཟའ་སྐར་ཉི་ཟླའི་བགྲོད་པ་རྟོགས་ནུས་པའི།།

བོད་ཀྱི་གཞོན་ནུ་སྨན་དང་རྩིས་ལ་མཁས།།

དབྱངས་ཅན་རྒྱུད་མངས་ཁེངས་པ་འཕྲོག་བྱེད་ཅིང༌།།

ཕྲ་ལྡེམ་སྐེད་ཟུར་སྨྱུག་མའི་གཟུགས་འཛིན་པ།།

རྐང་སྟབས་དྲུག་ཅུ་རྩ་བཞི་སྒྱུར་མཁས་པའི།།

བོད་ཀྱི་གཞོན་ནུ་གླུ་དང་གར་ལ་མཁས།།

འཚོ་བའི་བརྗོད་བྱ་ཡིད་འོང་མཛའ་ན་མོར།།

ཚིག་སྦྱོར་ནོར་བུའི་དོ་ཤལ་བརྒྱན་མ་ཐག།

དནྜེའི་ཡིད་དབང་ཅིག་ཅར་འཕྲོག་ནུས་པའི།།

བོད་ཀྱི་གཞོན་ནུ་སྡེབ་ལེགས་རྩོམ་ལ་མཁས།།

དེང་རབས་ལག་རྩལ་སྦྱངས་པ་མཐར་སོན་ཞིང༌།།

སྣ་ཚོགས་འཕྲུལ་གྱི་འཁོར་ལོར་དབང་སྒྱུར་བ།།

གསར་གཏོད་མདུན་མཆོངས་ཕོད་པའི་གདོང་མཆོངས་པ།།

བོད་ཀྱི་གཞོན་ནུ་བཟོ་ཡི་རིག་པར་མཁས།།

འཁོར་གསུམ་ཐོགས་མེད་བསྐོར་བ་ལྟ་ཅི་སྨོས།།

དེང་འཕྲུལ་མཚོན་ཆ་གར་འཕང་དེར་ཕོག་ཅིང༌།།

བདེ་རྩལ་སྲུང་རྒོལ་གཉིས་ཀ་བྱང་ཆུབ་པའི།།

བོད་ཀྱི་གཞོན་ནུ་དྲག་པོའི་རྩལ་ལ་མཁས།།

གསར་ཉ་དངོས་ལྟར་འཁྱུག་པའི་ལུས་པོ་ཡིས།།

མཆོངས་རྒྱུག་འཕེན་ལ་གཞན་དྲིང་མི་འཇོག་ཅིང༌།།

སྣ་ཚོགས་སྤོ་ལོ་སོགས་ལ་ཆེས་དགའ་བའི།།

བོད་ཀྱི་གཞོན་ནུ་ལུས་ཀྱི་རྩལ་ལ་མཁས།།

གསལ་པོའི་རིག་པས་གནམ་གཤིས་བརྟག་དཔྱད་དང༌།།

གཉེན་པོའི་སེར་མོས་ཕྲེང་རྡོག་གློག་ལྟར་སྐུལ།།

ཡིག་ཟམ་དཔྱིད་བསུའི་བྱ་མ་རྟ་ལ་སོགས།།

བོད་ཀྱི་གཞོན་ནུ་གང་དང་གང་ལའ་མཁས།།

གཡང་དཀར་ལུ་གུར་བུ་བཞིན་བྱམས་པ་དང༌།།

འབྲི་གཡག་རྟ་དྲེལ་གྲོགས་ལྟར་འབྲལ་མེད་ཀྱིས།།

ཤ་མར་བལ་ཕྱུར་རི་ལྟར་སྤུང་ནུས་པའི།།

བོད་ཀྱི་གཞོན་ནུ་འབྲོག་པའི་ལས་ལ་མཁས།།

གཤིན་པོའི་ཞིང་ལ་བཟང་པོའི་ས་བོན་དང༌།།

སྔོ་ཆུ་ཡུར་མ་ལུད་དང་ཐན་འགོག་དང༌།།

སད་སེར་སྔོན་འགོག་ཚན་རིག་ལ་བརྟེན་པའི།།

བོད་ཀྱི་གཞོན་ནུ་སོ་ནམ་ལས་ལ་མཁས།།

བལ་གྱི་རྒྱུ་སྤུན་དར་སྐུད་ལས་མཛེས་ཤིང༌།།

ངོ་མཚར་ཤིང་གི་ཁྲི་ལ་ལེགས་བཞོན་ཏེ།།

མྱུར་པོས་མིག་ཟུར་མགྲོན་བུའི་མཉམ་གཡུགས་ཀྱིས།།

བོད་ཀྱི་གཞོན་ནུ་སྣ་མང་ཞོར་ལས་མཁས།།

མར་གྱིས་བཅོས་འདྲའི་བརྐོས་རིས་རབ་འཇམ་ཞིང༌།།

ཐུན་མིན་རི་མོའི་ཚོན་མདངས་རྣམ་པར་བཀྲ།།

ཕ་བོང་ཚངས་པའི་ཐིག་ལྟར་རྩིག་ནུས་པའི།།

བོད་ཀྱི་གཞོན་ནུ་ཨར་ལས་ལག་རྩལ་མཁས།།

གླུ་གར་གཞས་ཀྱི་སྒོར་མོ་སྒོར་གཞས་དང༌།།

ལྷ་མོའི་མེས་པོ་འཕྱོངས་རྒྱས་སྤུན་མཆེད་བདུན།།

སྒྲུང་གཏམ་གཏམ་དཔེ་གཞས་མ་གཏམ་ལ་སོགས།།

བོད་ཀྱི་གཞོན་ནུ་དམངས་ཁྲོད་རྩོམ་རིག་མཁས།།

བོད་ཀྱི་གཞོན་ནུའི་སེམས་ཤུགས་སྟག་ལས་ངར།།

བོད་ཀྱི་གཞོན་ནུའི་ལས་འགན་རི་ལས་ལྗི།།

བོད་ཀྱི་གཞོན་ནུའི་ཕུགས་བསམ་མཁའ་ལས་ཡངས།།

བོད་ཀྱི་གཞོན་ནུ་ཕ་ཡུལ་བསྐྲུན་པར་མཁས།།

དེ་སྐད་གོ་དཀའི་བརྡ་རྙིང་དང་བྲལ་བའི།།

གོ་བདེའི་ཚིག་ཕྲེང་བསྟོད་ཚིག་དར་དཀར་འདི།།

བོད་ཀྱི་གཞོན་ནུའི་མགུལ་དུ་ཕུལ་ལགས་ན།།

དེ་བས་སྙིང་སྟོབས་བསྐྱེད་ཅིག་གཞོན་ནུའི་ཚོགས།།

རྩོམ་ཁུངས། ཡར་ཀླུང་གླུ་གསར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེ་རིང་ནི་སྤྱི་ལོ2025ལོའི་ཟླ4ཚེས17ཉིན་དང་། རེས་གཟའ་ཕུར་བུ་ཡིན།

བོད་ཀྱི་གཞོན་ནུ།

2010-04-20 མཁས་གྲུབ། ཀློག་གྲངས། 426 མཆན 156 ཡོད།

མཐོ་མཐོ་འཛམ་གླིང་ཡང་རྩེར་འགྱིང་བ་ཡི།།

སྐྱིད་སྐྱིད་ཕ་ཡུལ་ལྗོན་པའི་ཞིང་ཁམས་དངོས།།

རིང་རིང་ལོ་རྒྱུས་ལྡན་པའི་གནས་ཀྱི་མཆོག།

མཛེས་མཛེས་གངས་ཅན་སྙན་པ་རིང་ནས་འཕུར།།

ཡང་ཡང་ཡུལ་གྲུ་འདི་ན་བསྟི་བ་ཡི།།

Kkགཞོན་གཞོན་ཕོ་མོ་དཔྱིད་ཀྱི་སྨྱུག་གསར་ནི།།

མང་མང་མཁའ་ཡི་སྐར་ཚོགས་ལས་མང་ཞིང༌།།

གསལ་གསལ་བློ་གྲོས་ཉི་ཟླའི་དཔལ་དང་མཉམ།།

གང་གང་ཤེས་བྱའི་གནས་ལ་ཆེས་བརྩོན་ཞིང༌།།

འཇམ་འཇམ་གཤིས་ཀ་ལུ་གུའི་བལ་གྱི་སྤུན།།

མཐུན་མཐུན་མཛའ་བའི་འཆིང་ཞགས་མི་ལྷོད་པའི།།

བཟང་བཟང་བོད་ཀྱི་གཞོན་ནུར་མི་སྨོན་སུ།།

རང་གི་སྐད་ཡིག་གཙོར་བཟུང་བྱེད་དང་ལྷན།།

ལྷན་ཅིག་གཞན་གྱི་ཡིག་རིགས་སྦྱངས་བརྩོན་གྱིས།།

ཤེས་བྱའི་མཐོང་རྒྱ་ཆེ་རུ་གཏོང་ཕོད་པའི།།

བོད་ཀྱི་གཞོན་ནུ་སྐད་གཉིས་ལོ་ཙཱར་མཁས།།

བཞི་བརྒྱ་རྩ་བཞིའི་ནད་རིགས་འབུ་ཕྲ་ཀུན།།

རྣམ་དཔྱོད་ཕྲ་མཐོང་ཤེལ་གྱིས་ལེགས་མཐོང་ཞིང༌།།

གཟའ་སྐར་ཉི་ཟླའི་བགྲོད་པ་རྟོགས་ནུས་པའི།།

བོད་ཀྱི་གཞོན་ནུ་སྨན་དང་རྩིས་ལ་མཁས།།

དབྱངས་ཅན་རྒྱུད་མངས་ཁེངས་པ་འཕྲོག་བྱེད་ཅིང༌།།

ཕྲ་ལྡེམ་སྐེད་ཟུར་སྨྱུག་མའི་གཟུགས་འཛིན་པ།།

རྐང་སྟབས་དྲུག་ཅུ་རྩ་བཞི་སྒྱུར་མཁས་པའི།།

བོད་ཀྱི་གཞོན་ནུ་གླུ་དང་གར་ལ་མཁས།།

འཚོ་བའི་བརྗོད་བྱ་ཡིད་འོང་མཛའ་ན་མོར།།

ཚིག་སྦྱོར་ནོར་བུའི་དོ་ཤལ་བརྒྱན་མ་ཐག།

དནྜེའི་ཡིད་དབང་ཅིག་ཅར་འཕྲོག་ནུས་པའི།།

བོད་ཀྱི་གཞོན་ནུ་སྡེབ་ལེགས་རྩོམ་ལ་མཁས།།

དེང་རབས་ལག་རྩལ་སྦྱངས་པ་མཐར་སོན་ཞིང༌།།

སྣ་ཚོགས་འཕྲུལ་གྱི་འཁོར་ལོར་དབང་སྒྱུར་བ།།

གསར་གཏོད་མདུན་མཆོངས་ཕོད་པའི་གདོང་མཆོངས་པ།།

བོད་ཀྱི་གཞོན་ནུ་བཟོ་ཡི་རིག་པར་མཁས།།

འཁོར་གསུམ་ཐོགས་མེད་བསྐོར་བ་ལྟ་ཅི་སྨོས།།

དེང་འཕྲུལ་མཚོན་ཆ་གར་འཕང་དེར་ཕོག་ཅིང༌།།

བདེ་རྩལ་སྲུང་རྒོལ་གཉིས་ཀ་བྱང་ཆུབ་པའི།།

བོད་ཀྱི་གཞོན་ནུ་དྲག་པོའི་རྩལ་ལ་མཁས།།

གསར་ཉ་དངོས་ལྟར་འཁྱུག་པའི་ལུས་པོ་ཡིས།།

མཆོངས་རྒྱུག་འཕེན་ལ་གཞན་དྲིང་མི་འཇོག་ཅིང༌།།

སྣ་ཚོགས་སྤོ་ལོ་སོགས་ལ་ཆེས་དགའ་བའི།།

བོད་ཀྱི་གཞོན་ནུ་ལུས་ཀྱི་རྩལ་ལ་མཁས།།

གསལ་པོའི་རིག་པས་གནམ་གཤིས་བརྟག་དཔྱད་དང༌།།

གཉེན་པོའི་སེར་མོས་ཕྲེང་རྡོག་གློག་ལྟར་སྐུལ།།

ཡིག་ཟམ་དཔྱིད་བསུའི་བྱ་མ་རྟ་ལ་སོགས།།

བོད་ཀྱི་གཞོན་ནུ་གང་དང་གང་ལའ་མཁས།།

གཡང་དཀར་ལུ་གུར་བུ་བཞིན་བྱམས་པ་དང༌།།

འབྲི་གཡག་རྟ་དྲེལ་གྲོགས་ལྟར་འབྲལ་མེད་ཀྱིས།།

ཤ་མར་བལ་ཕྱུར་རི་ལྟར་སྤུང་ནུས་པའི།།

བོད་ཀྱི་གཞོན་ནུ་འབྲོག་པའི་ལས་ལ་མཁས།།

གཤིན་པོའི་ཞིང་ལ་བཟང་པོའི་ས་བོན་དང༌།།

སྔོ་ཆུ་ཡུར་མ་ལུད་དང་ཐན་འགོག་དང༌།།

སད་སེར་སྔོན་འགོག་ཚན་རིག་ལ་བརྟེན་པའི།།

བོད་ཀྱི་གཞོན་ནུ་སོ་ནམ་ལས་ལ་མཁས།།

བལ་གྱི་རྒྱུ་སྤུན་དར་སྐུད་ལས་མཛེས་ཤིང༌།།

ངོ་མཚར་ཤིང་གི་ཁྲི་ལ་ལེགས་བཞོན་ཏེ།།

མྱུར་པོས་མིག་ཟུར་མགྲོན་བུའི་མཉམ་གཡུགས་ཀྱིས།།

བོད་ཀྱི་གཞོན་ནུ་སྣ་མང་ཞོར་ལས་མཁས།།

མར་གྱིས་བཅོས་འདྲའི་བརྐོས་རིས་རབ་འཇམ་ཞིང༌།།

ཐུན་མིན་རི་མོའི་ཚོན་མདངས་རྣམ་པར་བཀྲ།།

ཕ་བོང་ཚངས་པའི་ཐིག་ལྟར་རྩིག་ནུས་པའི།།

བོད་ཀྱི་གཞོན་ནུ་ཨར་ལས་ལག་རྩལ་མཁས།།

གླུ་གར་གཞས་ཀྱི་སྒོར་མོ་སྒོར་གཞས་དང༌།།

ལྷ་མོའི་མེས་པོ་འཕྱོངས་རྒྱས་སྤུན་མཆེད་བདུན།།

སྒྲུང་གཏམ་གཏམ་དཔེ་གཞས་མ་གཏམ་ལ་སོགས།།

བོད་ཀྱི་གཞོན་ནུ་དམངས་ཁྲོད་རྩོམ་རིག་མཁས།།

བོད་ཀྱི་གཞོན་ནུའི་སེམས་ཤུགས་སྟག་ལས་ངར།།

བོད་ཀྱི་གཞོན་ནུའི་ལས་འགན་རི་ལས་ལྗི།།

བོད་ཀྱི་གཞོན་ནུའི་ཕུགས་བསམ་མཁའ་ལས་ཡངས།།

བོད་ཀྱི་གཞོན་ནུ་ཕ་ཡུལ་བསྐྲུན་པར་མཁས།།

དེ་སྐད་གོ་དཀའི་བརྡ་རྙིང་དང་བྲལ་བའི།།

གོ་བདེའི་ཚིག་ཕྲེང་བསྟོད་ཚིག་དར་དཀར་འདི།།

བོད་ཀྱི་གཞོན་ནུའི་མགུལ་དུ་ཕུལ་ལགས་ན།།

དེ་བས་སྙིང་སྟོབས་བསྐྱེད་ཅིག་གཞོན་ནུའི་ཚོགས།།

རྩོམ་ཁུངས། ཡར་ཀླུང་གླུ་གསར།

དཔྱད་མཆན 156 ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།