མེ་ལོང་ངོས་སུ་འཆར་བའི་བདག

ཤེས་རབ་རྩལ་གྱིས་གླེགས་བམ་འདྲུད་པའི་ཉིན་ཞག་སྟོང་ཕྲག །
ཐོས་བསམ་སྒོམ་པའི་གློག་ཞགས་མྱུར་མོས་རྒྱལ་ཕམ་འབྱེད་ཅིང་།།
ཆོས་རྣམས་སྟོང་བའི་དཔྱོད་ཤེས་གཤོག་ཟུང་སེམས་སུ་བཏབ་པའི།།
ཞི་བའི་འཕྲུལ་འཁོར་ལམ་དྲུག་བརྟེན་པའི་ཤཱཀྱའི་རྗེས་རབས།།

ཚེ་འདིའི་སྙིང་བོ་རྒྱབ་ཏུ་དོར་བའི་གདམ་གའི་རི་མོ།།
ཕྱི་མའི་ཕྱི་མར་བདེ་བར་འདོད་པའི་ཆོས་པའི་རིང་ལུགས།།
རེ་དོགས་བཅད་ཅིང་འཁྲུལ་བ་ཟློག་པའི་གཙང་བོའི་བཞུར་རྒྱུན།།
ཞེན་བློ་གཏོར་བའི་ངེས་འབྱུང་རྣལ་མའི་བགྲོད་པ་ཉག་གཅིག །

རྨི་ལམ་རབ་རིབ་གདོང་ན་གསལ་བའི་བདག་གི་འཇིག་རྟེན།།
སེམས་ཀྱི་གཙང་བོར་ཡང་ཡང་འདྲེས་པའི་སྒྱུ་མའི་སྐྱོ་གར།།
དྲན་པའི་སྨུག་པ་ལྷུམས་སུ་ཞུགས་པའི་འཁོར་བའི་ལམ་ཕྲན།།
རྟོག་པའི་སྣང་ཁམས་སྲོག་གིས་བཟོས་པའི་སྟོང་གཟུགས་ཕུང་པོ།།

རྡུལ་ཕྲན་བསགས་པའི་ཤ་རུས་ཕུང་པོ་རྒས་ཉམས་འཆོར་ཞིང་།།
སྣང་བ་མཐོ་བའི་ལང་ཚོའི་གཞོན་པ་རྒྱང་དུ་ཡལ་གྲབས།།
མི་ཚེ་ཕྱེད་ཀྱི་དུས་ཚོད་བཟང་ཤོས་སྔོན་དུ་གཤེགས་རྗེས།།
རྩིག་ངོར་བྲིས་པའི་རྣམ་ཤེས་དག་གིས་ཅི་ཞིག་རྟོགས་མྱོང་།།

ནམ་མཁར་འཛགས་པའི་ས་རྡུལ་ཚོགས་འདི་རླུང་གིས་དེད་ཅིང་།།
རྒྱུད་སྐུད་དཀྲོལ་བའི་འཇིག་རྟེན་ཧྲིལ་བོ་དབྱངས་ལ་འདྲེས་ཡོད།།
མེ་ལོང་ངོས་ཀྱི་སྣང་བརྙན་ཚོགས་མ་གྲིབ་མས་བསྒྲིབས་རྗེས།།
ན་གཞོན་ཁྲོད་ཀྱི་ལས་སྐལ་མཐའ་དག་རྡོ་མཁར་བརྩིགས་འདྲ།།

སྒྱུ་མའི་གྲོག་རོང་གཟིངས་ཀྱིས་བཅད་དེ་ཕ་མཐར་བསྐྱོད་ཅིང་།།
འཚོ་བའི་བཞུད་སྟངས་གཟུགས་བརྙན་གྲུབ་པའི་སྐྱོ་གར་རྫོབ་པོ།།
དུས་ཚོད་འཁོར་ལོ་སྡོད་མེད་བགྲོད་པའི་བཞུར་རྒྱུན་རིང་བ།།
མི་ལ་འཁྲེང་བའི་མིག་ཆུ་རྡོག་པོས་སེམས་མཐིལ་བརླན་བྱུང་།།

རུས་པར་འཐག་པའི་རླུང་བུ་འཇམ་པོ་ཐོལ་གྱིས་ལྡང་བ།།
སྙིང་ལ་འཛགས་པའི་དྲན་པ་སྐྱ་བོས་ཐིག་རིས་བརྐོས་པས།།
སེམས་སུ་འཁྲིས་པའི་ལག་པ་རིང་པོ་མུན་པར་འབྱར་ཞིང་།།
སྒུག་པའི་ལས་སྐལ་ཡིད་དུ་བསྟིམ་པའི་ལང་ཚོ་རྫོགས་སམ།།

རེ་དོགས་འཕྱོ་ཞིང་རྟོག་པ་འགྱུ་བའི་འཁོར་བའི་གྲུ་ཟུར།།
ལས་ཀྱི་འཕང་ཞིང་ཚོར་བ་འདྲུད་པའི་ཆོ་འཕྲུལ་རང་བཞིན།།
སྐྱེ་འཆི་འདྲེས་པའི་མཚན་མོའི་ཁྲོད་ཀྱི་དུར་ས་དམར་པོ།།
མི་ཚེ་འདའ་བའི་མུན་པའི་དཀྱིལ་གྱི་ལན་ཆགས་རློན་པའོ།།

                2016/3/7ལ་བྲིས་ཤིང་5/11ལ་རྫོགས།  

རྩོམ་སྒྲིག་པ།  དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་ལོང་ངོས་སུ་འཆར་བའི་བདག

2017-03-28 རྣོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།