སྲོད་ཀྱི་རྟ་ཕོའི་གཞས་ཆུང་།

སྦྲང་བུ།(དཀར་མཛེས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-06-22

ཆུ་བོ་ཁྱོད་ནི་ངག་གི་སྟེང་དུ་འབབ།།
རླབས་རིས་གསེབ་ཏུ་ལྷ་ཡི་ཚིག་ཅིག་འདུས།།
མ་དག་ལས་ཀྱིས་བཏང་བ་མ་ཤེས་ཀྱང་།།
གསལ་ལེར་མེ་ཏོག་ཚལ་ནས་ཤེས་བར་འཚལ།།
ངག་གིས་ཟླ་བ་བཟུང་བའི་དན་གྱི་རྟགས།།
སྲོས་ཀྱི་གཏམ་དཔེ་ཞིག་གི་འགོ་མཇུག་ཏུ།།
ཆུ་བོ་ཁྱོད་ཉིད་ངག་གི་དྲུང་དུ་འཁྱིལ།།
ལྷ་དང་ཀླུ་མོ་གཉིས་ཀྱི་རབ་གསལ་དུ།།
གཞས་ཆུང་མགུར་མོ་བླངས་མཁན་སུ་ཡིན་དྲན།།

མི་རྟག་ངག་གི་བཙན་ས་རུ།།
ལྷ་མོ་ངག་གིས་བདག་བཙལ་ཞིང་།།
རི་དྭགས་རྨས་མའི་རྒྱུད་སྤྲུལ་ཏེ།།
བྲག་ཐེམ་ཞིག་ནས་བསྒུག་བར་ཚལ།།
མཚན་མོ་སྟོང་བ་དེ་རུ་ཡང་།།
ངག་གི་སྐུ་ཕྲེང་བསླེབས་པའི་ཚེ།།
གླེགས་བམ་ཞིག་གི་བས་མཐའ་ནས།།
ཆོས་ཉིད་ཀློང་གི་ཁྱེད་ཉིད་ལ།།
དད་པ་མ་གྲང་གཞི་རུ་རྟོགས།།

ཆུ་བོའི་ཁམས་ནི་མ་དག་པ།།
ལྗོན་པའི་ཟོམ་གྱི་གྲིབ་མ་འདྲ།།
གཡོ་བ་ཅན་གྱི་འདབ་མའི་སྟེང་།།
སྐྱེ་བ་གྲུབ་ཙམ་ཕྱི་རུ་ལོག།
ལས་སུ་ཤོང་བའི་འདབ་མ་ལགས།།
དཔྱིད་ཆར་འོག་གི་བྱེའུ་ཆུང་རང་།།
ཆར་འབབ་ནང་ནས་གཡོ་ཙམ་གྱིས།།
ཟིལ་བ་འཆང་བའི་འདབ་མ་རུ།།
ངག་གི་ཕོ་བྲང་འཁྱུག་སེ་འཁྱུག།
ཟླ་བ་ལ་ནི་འཕག་འཚག་གནང་།།
མཛའ་གཞས་ཀློང་གི་མུ་ཏིག་ལ།།
སྨིན་དྲུག་ཅེས་བྱ་བདག་ལ་གནང་།།

རི་མོ་དེ་ཡིས་སྒྱུ་མ་འཁྲབས།།
སྲང་ལམ་གཉིས་ཀྱི་བར་ནས་འཁྲབས།།
ངག་ལྐུགས་བ་དང་ལོང་བ་གཉིས།།
རྒྱུད་སྐུད་གཉིས་ཀྱི་བར་ནས་འཚང་།།
སྐྱེ་བ་མངའ་བའི་འཇའ་དང་ངག།
ཆར་བ་ལྷན་དུ་གཡོ་ཞིང་འགུལ།།
ངག་གི་སྒྲིབ་པ་མ་དག་ཚེ།།
ཆོ་འཕྲུལ་འོད་ལ་ཆས་པ་དཀའ།།
དེ་བས་གསེར་གྱི་སྙེ་མ་རང་།།
འཇའ་དང་རླུང་བུའི་རི་མོ་ནང་།།
སྐྱེ་བ་བལྟམས་ཤིང་མཁའ་རུ་འབབ།།
            2021 5 8

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དེ་རིང་ནི་སྤྱི་ལོ2025ལོའི་ཟླ4ཚེས11ཉིན་དང་། རེས་གཟའ་པ་སངས་ཡིན།

སྲོད་ཀྱི་རྟ་ཕོའི་གཞས་ཆུང་།

2021-06-22 སྦྲང་བུ།(དཀར་མཛེས) ཀློག་གྲངས། 2857 མཆན 0 ཡོད།

ཆུ་བོ་ཁྱོད་ནི་ངག་གི་སྟེང་དུ་འབབ།།
རླབས་རིས་གསེབ་ཏུ་ལྷ་ཡི་ཚིག་ཅིག་འདུས།།
མ་དག་ལས་ཀྱིས་བཏང་བ་མ་ཤེས་ཀྱང་།།
གསལ་ལེར་མེ་ཏོག་ཚལ་ནས་ཤེས་བར་འཚལ།།
ངག་གིས་ཟླ་བ་བཟུང་བའི་དན་གྱི་རྟགས།།
སྲོས་ཀྱི་གཏམ་དཔེ་ཞིག་གི་འགོ་མཇུག་ཏུ།།
ཆུ་བོ་ཁྱོད་ཉིད་ངག་གི་དྲུང་དུ་འཁྱིལ།།
ལྷ་དང་ཀླུ་མོ་གཉིས་ཀྱི་རབ་གསལ་དུ།།
གཞས་ཆུང་མགུར་མོ་བླངས་མཁན་སུ་ཡིན་དྲན།།

མི་རྟག་ངག་གི་བཙན་ས་རུ།།
ལྷ་མོ་ངག་གིས་བདག་བཙལ་ཞིང་།།
རི་དྭགས་རྨས་མའི་རྒྱུད་སྤྲུལ་ཏེ།།
བྲག་ཐེམ་ཞིག་ནས་བསྒུག་བར་ཚལ།།
མཚན་མོ་སྟོང་བ་དེ་རུ་ཡང་།།
ངག་གི་སྐུ་ཕྲེང་བསླེབས་པའི་ཚེ།།
གླེགས་བམ་ཞིག་གི་བས་མཐའ་ནས།།
ཆོས་ཉིད་ཀློང་གི་ཁྱེད་ཉིད་ལ།།
དད་པ་མ་གྲང་གཞི་རུ་རྟོགས།།

ཆུ་བོའི་ཁམས་ནི་མ་དག་པ།།
ལྗོན་པའི་ཟོམ་གྱི་གྲིབ་མ་འདྲ།།
གཡོ་བ་ཅན་གྱི་འདབ་མའི་སྟེང་།།
སྐྱེ་བ་གྲུབ་ཙམ་ཕྱི་རུ་ལོག།
ལས་སུ་ཤོང་བའི་འདབ་མ་ལགས།།
དཔྱིད་ཆར་འོག་གི་བྱེའུ་ཆུང་རང་།།
ཆར་འབབ་ནང་ནས་གཡོ་ཙམ་གྱིས།།
ཟིལ་བ་འཆང་བའི་འདབ་མ་རུ།།
ངག་གི་ཕོ་བྲང་འཁྱུག་སེ་འཁྱུག།
ཟླ་བ་ལ་ནི་འཕག་འཚག་གནང་།།
མཛའ་གཞས་ཀློང་གི་མུ་ཏིག་ལ།།
སྨིན་དྲུག་ཅེས་བྱ་བདག་ལ་གནང་།།

རི་མོ་དེ་ཡིས་སྒྱུ་མ་འཁྲབས།།
སྲང་ལམ་གཉིས་ཀྱི་བར་ནས་འཁྲབས།།
ངག་ལྐུགས་བ་དང་ལོང་བ་གཉིས།།
རྒྱུད་སྐུད་གཉིས་ཀྱི་བར་ནས་འཚང་།།
སྐྱེ་བ་མངའ་བའི་འཇའ་དང་ངག།
ཆར་བ་ལྷན་དུ་གཡོ་ཞིང་འགུལ།།
ངག་གི་སྒྲིབ་པ་མ་དག་ཚེ།།
ཆོ་འཕྲུལ་འོད་ལ་ཆས་པ་དཀའ།།
དེ་བས་གསེར་གྱི་སྙེ་མ་རང་།།
འཇའ་དང་རླུང་བུའི་རི་མོ་ནང་།།
སྐྱེ་བ་བལྟམས་ཤིང་མཁའ་རུ་འབབ།།
            2021 5 8

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན 0 ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།