ཁྱོད་ཕ་རོལ་བོ་མ་ཡིན་ནོ།།༼འགྱུར་མ༽

བྷོར་ཧེ་ཞི(ཨརྗིནཐེནཱ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-08

ཁྱོད་ཀྱིས་དཔའ་ཞུམ་པའི་ངང་སྐྱབས་བཅོལ་སའི
ཕ་རོལ་བོའི་བཀའ་རྩོམ་གྱིས་ཁྱོད་རང་སྐྱོབ་པར་མི་བྱེད
ཁྱོད་ཕ་རོལ་བོ་མ་ཡིན་ཏེ  སྐབས་འདིར
ཁྱོད་ཀྱིས་རང་གིས་གོམ་སྟབས་ཀྱིས་བསླེས་པའི
སྒྱུ་མའི་གྲོང་གི་ལྟེ་བ་ཞབས་ཀྱིས་བཅགས་ཡོད
ཇེའུ་ཟ་དང་སོ་ཁི་ར་ཐེས་སྤྱད་པའི་དཀའ་བ་ཡིས
ཁྱོད་རང་སྐྱོབ་པར་མི་བྱེད
ཉི་ནུབ་ཀྱི་དུས་སུ་མེ་ཏོག་ལྡུམ་ར་ནས་སྐུ་མྱ་ངན་ལས་འདས་པའི*
ཟས་གཙང་སྲས་ཀྱིས་ཀྱང་དེ་དེ་བཞིན་ནོ
ཁྱོད་ཀྱི་ལག་བྲིས་ཀྱི་ཡི་གེ་དང  ངག་གི་སྨྲ་བརྗོད་དག་ལ
ས་རྡུལ་ཇི་བཞིན་རིན་ཐང་གིས་དབེན
ལས་ཀྱི་ལྷ་ལ་བརྩེ་བའི་སེམས་དང་བྲལ
འཇིག་རྟེན་བྱེད་པོའི་མཚན་ལམ་ཟད་པ་མེད
ཁྱོད་ཀྱི་ཤ་ཁྲག་ནི་དུས་ཀྱི་འཁོར་ལོ་ཙམ་ཏེ
མཚམས་མེད་པར་བཞུར་གྱིན་པ་དེའོ
མཐར་གཏུག་ན་ཁྱོད་ནི་ཁེར་རྐྱང་གི་སྐད་ཅིག་མ་རེ་རེ་ལས་གཞན་ཅི
   
 བོད་འགྱུར་མའི་མཆན།
*ཇེའུ་ཟ་ནི་ཡེ་ཤུའི་ཆོས་ལུགས་ཀྱི་སྟོན་པ་དང་ཟོ་ཁི་ར་ཏི་ནི་ཡི་གེ་མི་ཤེས་པའི་ཀེ་རི་སིའི་མཚན་ཉིད་པ་གྲགས་ཅན་ཞིག་སྟེ་ཁོང་གཉིས་ཀས་རང་གི་
བསམ་བློ་དང་ལྡོག་པའི་སྲིད་གཞུང་གི་ལྟ་བ་དང་ལེན་མ་བྱས་པས་དམར་གསོད་ཐེབས་པའི་དཀའ་བ་སྤྱད་ཡོད།
                                 (སྐྱ་བོས་བསྒྱུར)

 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ཕ་རོལ་བོ་མ་ཡིན་ནོ།།༼འགྱུར་མ༽

2008-11-08 བྷོར་ཧེ་ཞི(ཨརྗིནཐེནཱ) ཀློག་གྲངས། མཆན ཡོད།

ཁྱོད་ཀྱིས་དཔའ་ཞུམ་པའི་ངང་སྐྱབས་བཅོལ་སའི
ཕ་རོལ་བོའི་བཀའ་རྩོམ་གྱིས་ཁྱོད་རང་སྐྱོབ་པར་མི་བྱེད
ཁྱོད་ཕ་རོལ་བོ་མ་ཡིན་ཏེ  སྐབས་འདིར
ཁྱོད་ཀྱིས་རང་གིས་གོམ་སྟབས་ཀྱིས་བསླེས་པའི
སྒྱུ་མའི་གྲོང་གི་ལྟེ་བ་ཞབས་ཀྱིས་བཅགས་ཡོད
ཇེའུ་ཟ་དང་སོ་ཁི་ར་ཐེས་སྤྱད་པའི་དཀའ་བ་ཡིས
ཁྱོད་རང་སྐྱོབ་པར་མི་བྱེད
ཉི་ནུབ་ཀྱི་དུས་སུ་མེ་ཏོག་ལྡུམ་ར་ནས་སྐུ་མྱ་ངན་ལས་འདས་པའི*
ཟས་གཙང་སྲས་ཀྱིས་ཀྱང་དེ་དེ་བཞིན་ནོ
ཁྱོད་ཀྱི་ལག་བྲིས་ཀྱི་ཡི་གེ་དང  ངག་གི་སྨྲ་བརྗོད་དག་ལ
ས་རྡུལ་ཇི་བཞིན་རིན་ཐང་གིས་དབེན
ལས་ཀྱི་ལྷ་ལ་བརྩེ་བའི་སེམས་དང་བྲལ
འཇིག་རྟེན་བྱེད་པོའི་མཚན་ལམ་ཟད་པ་མེད
ཁྱོད་ཀྱི་ཤ་ཁྲག་ནི་དུས་ཀྱི་འཁོར་ལོ་ཙམ་ཏེ
མཚམས་མེད་པར་བཞུར་གྱིན་པ་དེའོ
མཐར་གཏུག་ན་ཁྱོད་ནི་ཁེར་རྐྱང་གི་སྐད་ཅིག་མ་རེ་རེ་ལས་གཞན་ཅི
   
 བོད་འགྱུར་མའི་མཆན།
*ཇེའུ་ཟ་ནི་ཡེ་ཤུའི་ཆོས་ལུགས་ཀྱི་སྟོན་པ་དང་ཟོ་ཁི་ར་ཏི་ནི་ཡི་གེ་མི་ཤེས་པའི་ཀེ་རི་སིའི་མཚན་ཉིད་པ་གྲགས་ཅན་ཞིག་སྟེ་ཁོང་གཉིས་ཀས་རང་གི་
བསམ་བློ་དང་ལྡོག་པའི་སྲིད་གཞུང་གི་ལྟ་བ་དང་ལེན་མ་བྱས་པས་དམར་གསོད་ཐེབས་པའི་དཀའ་བ་སྤྱད་ཡོད།
                                 (སྐྱ་བོས་བསྒྱུར)

 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།