༼རང་གྲོལ་ཞིབ་འཇུག༽གི་གནད་ཅིག༼ལྷུག་རྩོམ༽

   དེང་རྩོམ་ཞིབ་འཇུག་པ་བདུད་ལྷ་རྒྱལ་ལགས་ཀྱིས་ཉེ་བའི་གཏམ་བཤད་ཅིག་དང་སྔོན་གྱི་རྩོམ་ཡིག་ཅིག་ལས་དོན་གྲུབ་རྒྱལ་ནི་གསར་རྙིང་གི་ལྟ་བའི་བར་གྱི་འགལ་འདུའི་སེམས་ཁམས་འཛིན་པ་བ་ཞིག་ཡིན་ཚུལ་གསལ་བར་གླེང་འདུག
    དེ་བས་འུ་ཅག་གིས་རང་གྲོལ་ལ་གདེང་འཇོག་བྱེད་སྐབས་བདུད་ལྷ་རྒྱལ་ལགས་ཀྱི་ལྟ་བ་དེ་གཞི་རྟེན་དུ་བྱས་ནས་ཞིབ་འཇུག་བྱས་ན་དོན་གྲུབ་རྒྱལ་ལགས་ཀྱི་རང་གཟུགས་ངོ་མ་ཀློག་མཁན་གྱི་མདུན་དུ་འདྲེན་ཐུབ་པར་སྙམ། གཅིག་བྱས་ན་འགལ་འདུའི་སེམས་ཁམས་དེ་ཁོང་གིས་རང་སྲོག་གཅོད་བྱེད་ཀྱི་དངོས་རྒྱུའམ་ལྷན་ཅིག་བྱེད་པའི་རྐྱེན་གང་རུང་ཞིག་ཏུ་གྱུར་ཡོད། གལ་སྲིད་དེ་འདྲ་ཡིན་ཚེ་རང་སྲོག་གཅོད་ལ་ཉེ་བའི་དུས་སྐབས་དེར་ཁོང་གི་ཤེས་པ་རྣལ་དུ་གནས་མེད་༼དེང་སང་གི་བཤད་ཚུལ་ལྟར་བྱས་ན་སེམས་ཁམས་རྒྱུན་ལྡན་མིན་པ༽ཀྱང་སྲིད་པས་ངེད་ཅག་གིས་སྐབས་དེའི་ཁོང་ནི་སེམས་ཁམས་རིག་པའི་ཞིབ་འཇུག་བྱ་ཡུལ་གྱི་ནད་པ་ཕལ་བ་ཞིག་ཏུ་ངེས་པར་ངོས་འཛིན་དགོས་པ་ཡིན། དེ་ལྟར་བྱས་ཚེ་ཁོང་གི་སེམས་ཀྱི་འགལ་འདུ་དང་། ན་ཚ། ཡི་མུག ཁེར་ཧྲེང་སོགས་ཀྱི་རྒྱུ་མཚན་ཡང་གསལ་བོར་རྟོགས་ངེས་རེད། དེ་མིན་པར་སྔར་བཞིན་ཁོང་ཉིད་ཚད་མའི་སྐྱེས་བུ་ཞིག་དང་། རྟོགས་དཀའ་བ་ཞིག གསང་བ་ཞིག་ཏུ་ངོས་བཟུང་སྟེ་ཞིབ་འཇུག་བྱས་ཚེ་དཔྱད་རྩོམ་ཅི་འདྲའི་མང་པོ་ཞིག་བྲིས་ཀྱང་སྣག་ཤོག་ཟད་པའི་རྒྱུ་རུ་ཟད།
   དམངས་ཀྱིས་སྐྱེ་བོ་དམ་པར་བཀུར་བའམ་མཚན་སྙན་གྱིས་ཀུན་ནས་གྲགས་པའི་སྐྱེས་བུ་འགའ་ཞིག་གི་སྐྱོན་དང་ཉེས་པ།མཚང་སོགས་མི་དགེ་བའི་ཆ་ཐམས་ཅད་བསུབ་ཅི་ཐུབ་བྱས་ཏེ་དེ་ཉིད་ལྷར་བཞེངས་པ་ནི་རང་རེ་མ་ཟད་འཇིག་རྟེན་གྱི་ཡུལ་ཀུན་ན་ཡོད་པ་ཞིག་ཡིན་ཡང་དེ་ལྟ་བུའི་བྱ་སྤྱོད་ཀྱིས་སྐྱེས་བུ་གང་དང་ཕྱི་རབས་པའི་བར་ཐག་ཤིན་ཏུ་ནས་རིང་བོར་བསྲིངས་ཤིང་དེ་ཉིད་རབ་རིབ་མག་མོག་གི་ངང་དུ་ལོ་རྒྱུས་ཀྱི་དབྱིངས་སུ་ཐིམ་པར་བྱས་པས་ང་ཚོར་སྐྱེས་བུ་དེ་ཚོའི་འབག་སྐུ་ཙམ་ལས་གཞན་ཅི་ཡང་ལྷག་ཏུ་མི་འཇུག་པ་རེད།
    སྐབས་ཤིག་གི་བསམ་ཚུལ་ཤར་མར་འཁྱུག་པ་ཙམ་མོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།