རུས་པ།
སྣང་བ་ཞིག་ལ
མུར་ནས་མི་འཛད་པ་ཞིག་གིས་ཕྱོགས་སོ་སོ་ནས་རུབ་ཡོང་
ཇི་ལྟར་སྲ་མོར་གྱུར་བ་ང་ལ་གསལ་ཆ་མེད་མོད
རྐང་མཐིལ་གྱི་རྡོ་བ་དྲ་རྒྱ་རིགས་ཤིག་ཏུ་གྱུར་བྱུང་
དེའི་ནང་ནས་གསར་དུ་བརྩམས་པའི་རོལ་མོས
སྤྱི་གཙུག་བར་དུ་ཟ་འཕྲུག་བསླང་ཡོང་
སྲོག་ཆགས་དེའི་རུས་པ་ག་བར་ཡོད་དམ
མེ་ལོང་གི་ངོས་ནས་དལ་མོར་ཞུ་འགྲོ་བའི་
ཆུ་ཐིགས་དག་གི་རུས་པ་ག་བར་ཡོད་དམ
རུས་པ་མེད་པའི་མི་ཞིག་མུན་ནག་ཁྲོད་ནས་ཕར་བུད་སོང་
མུན་ནག་ཁྲོད་ཀྱི་དམར་ཐིགས་དག་ལང་ཚོས་སྒེག་པའི་བུ་མོ་ཚོའི་
གདོང་ལ་ལྷུང་སོང་
བུ་མོ་དེ་ཚོ་རང་རང་གི་སར་བུད་སོང་བའི་རྗེས་སུ
ཁྱི་གུ་དག་རུས་པ་བོར་ནས་སྲང་ལམ་ན་གཡས་ཉལ་གཡོན་ལོག་གིས་ཤི་འདུག
༢༠༠༤༥༥ཉིན་པེ་ཅིང་ནས།
རྩོམ་ཁུངས། ངེད་དྲ་བ།