མི་རྟག་པ་སྒོམ་པ།༼རང་མོས༽

 

ངའི་མཐའ་འཁོར་གྱི་ཉམ་ཆུང་གི་མི་འདི་ཚོ
བེ་ཅོན་རེ་ཞོན་ནས་གང་ཞིག་ལ་འཕུར་བཞིན་ཡོད་པར་སྣང
ཁོ་ཚོས་རང་ཉིད་འཇིག་རྟེན་ནས་མི་ལོ་སྟོང་ལ་འཚོ་ཐུབ་པར་སྙམ་གྱིན
ཁྲག་རྣག་གིས་བསགས་པའི་དངུལ་གྱིས་ཁང་བ་རེ་ཉོས་ཤིང
དེའི་རྗེས་ནས་སྟོན་མོ་རེ་བྱེད་ཀྱིན་འདུག
བེ་ཅོན་དེའི་མཐའ་གཉིས་ཀ་བྱ་སྤུས་བཏེགས་ཏེ
ཁོ་ཚོ་ཁང་བའི་བར་སྣང་ན་འཕུར་གྱིན་འདུག
ཁོ་ཚོ་སུས་ཀྱང་སང་ཉིན་གྱི་ཞོགས་པར་བྲག་གཡང་ནས་ལྷུང་འགྲོ་བ་དེའམ
གནང་ཉིན་གྱི་ཉིན་གུང་ཟས་དུག་གིས་ཤི་འགྲོ་བ་དེ་རང་ཉིད་མིན་པའི
གཞན་ཞིག་ཡིན་པར་འདོད་ཅིང
གཞན་པ་ཏག་ཏག་གི་འཚང་ཁའི་ཁྲོད་ནས
རང་ཉིད་ཟེར་བ་དེ་རྙེད་ཐབས་མ་བྱུང
བརྙན་འཕྲིན་ནང་གི་མཛེས་མར་ལག་པས་རེག་མི་ཐུབ་པ་ཇི་བཞིན
འདི་དང་དེ་གཉིས་འདྲིས་ཐབས་རྩ་བ་ནས་མ་བྱུང
              
 ༢༠༡༠ ༡༢ ༢༥


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རྟག་པ་སྒོམ་པ།༼རང་མོས༽

2011-01-07 སེངྒེ་རྒྱལ་བོ། ཀློག་གྲངས། མཆན ཡོད།

 

ངའི་མཐའ་འཁོར་གྱི་ཉམ་ཆུང་གི་མི་འདི་ཚོ
བེ་ཅོན་རེ་ཞོན་ནས་གང་ཞིག་ལ་འཕུར་བཞིན་ཡོད་པར་སྣང
ཁོ་ཚོས་རང་ཉིད་འཇིག་རྟེན་ནས་མི་ལོ་སྟོང་ལ་འཚོ་ཐུབ་པར་སྙམ་གྱིན
ཁྲག་རྣག་གིས་བསགས་པའི་དངུལ་གྱིས་ཁང་བ་རེ་ཉོས་ཤིང
དེའི་རྗེས་ནས་སྟོན་མོ་རེ་བྱེད་ཀྱིན་འདུག
བེ་ཅོན་དེའི་མཐའ་གཉིས་ཀ་བྱ་སྤུས་བཏེགས་ཏེ
ཁོ་ཚོ་ཁང་བའི་བར་སྣང་ན་འཕུར་གྱིན་འདུག
ཁོ་ཚོ་སུས་ཀྱང་སང་ཉིན་གྱི་ཞོགས་པར་བྲག་གཡང་ནས་ལྷུང་འགྲོ་བ་དེའམ
གནང་ཉིན་གྱི་ཉིན་གུང་ཟས་དུག་གིས་ཤི་འགྲོ་བ་དེ་རང་ཉིད་མིན་པའི
གཞན་ཞིག་ཡིན་པར་འདོད་ཅིང
གཞན་པ་ཏག་ཏག་གི་འཚང་ཁའི་ཁྲོད་ནས
རང་ཉིད་ཟེར་བ་དེ་རྙེད་ཐབས་མ་བྱུང
བརྙན་འཕྲིན་ནང་གི་མཛེས་མར་ལག་པས་རེག་མི་ཐུབ་པ་ཇི་བཞིན
འདི་དང་དེ་གཉིས་འདྲིས་ཐབས་རྩ་བ་ནས་མ་བྱུང
              
 ༢༠༡༠ ༡༢ ༢༥


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།