སྙན་ངག་འདི་ནི་སྒྱུ་མའི་རྟ་གླང་ངོ་།།


སྙིང་རྗེའི་དབང་གིས་ང་ནི་རྨི་ལམ་གྱི། །
ལམ་གྱི་ཐོག་ནས་འགྲོ་ཞིང་འོག་ནས་འགྲོ། །
ཐོག་ན་ས་དང་རྡུལ་གྱིས་རི་མོ་འབྲི། །
འོག་ན་གྲིབ་མས་གྲིབ་མ་འདེད་པ་མཐོང་། །
བྱ་རྒན་སྒྲོ་ཟད་ཆུ་མཐའི་རྡོ་སྔོན་སྟེང་། །
ཡུལ་ཡུལ་གདོང་པ་བློང་བློང་ནམ་མཁར་ཕྱོགས། །
རི་རྩེ་སྟོང་དུ་ཤར་བའི་ཉི་མ་ལགས། །
ང་ཡིས་བྱེ་མ་དཀར་པོས་ཁྱོད་ལ་མཆོད། །
མུན་ནག་ཟླུམ་པོ་རེ་རེ་ཐག་ཉེར་ཉལ། །
འོད་དཀར་ཟུར་གསུམ་ལ་ལ་ཐག་རིང་འཕུར། །
ཚེ་འདིར་ལ་ཐུར་མང་སའི་ཤར་ཕྱོགས་ཀྱི།།
བྱང་ཕྱོགས་ག་ལ་བ་དེར་ཐེག་པར་བྱ། །
ཉི་གྲིབ་ལག་པ་མང་པོས་རི་ལ་འགོས། །
ཡང་བསྐྱར་རྐང་པ་མང་པོས་རི་ནས་བབས། །
སྔ་དྲོ་ཕྱི་དྲོའི་ཀློང་དུ་ཟགས་པར་གྱུར། །
ཡིད་ནི་ཡུལ་གྱི་ཡལ་གར་ཐོགས་ནས་འཕྱངས། །
དུ་བ་འཐེན་པའི་ཁ་ནི་ཟིང་སྐྱ་ཞིག །
མཆེ་བ་གཉེར་ཞིང་གླག་གི་རྒྱལ་རབས་འཆད། །
དེ་བས་དད་པའི་རུ་མཚོན་འཕྱར་དགོས་བྱུང་། །
དེ་བས་མདུད་པ་བརྒྱབ་ཅིང་བཤིག་དགོས་བྱུང་། །
དེ་བས་ཆུ་ལ་གྲུ་དང་གྲུ་ལ་མི། །
མི་ལ་སེམས་དང་སེམས་ལ་གླུ་བཞིན་ནོ། །

                                         ༢༠༡༤ ༥ ༢༠

      (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་འདི་ནི་སྒྱུ་མའི་རྟ་གླང་ངོ་།།

2014-09-12 སེང་རྡོར། ཀློག་གྲངས། མཆན ཡོད།


སྙིང་རྗེའི་དབང་གིས་ང་ནི་རྨི་ལམ་གྱི། །
ལམ་གྱི་ཐོག་ནས་འགྲོ་ཞིང་འོག་ནས་འགྲོ། །
ཐོག་ན་ས་དང་རྡུལ་གྱིས་རི་མོ་འབྲི། །
འོག་ན་གྲིབ་མས་གྲིབ་མ་འདེད་པ་མཐོང་། །
བྱ་རྒན་སྒྲོ་ཟད་ཆུ་མཐའི་རྡོ་སྔོན་སྟེང་། །
ཡུལ་ཡུལ་གདོང་པ་བློང་བློང་ནམ་མཁར་ཕྱོགས། །
རི་རྩེ་སྟོང་དུ་ཤར་བའི་ཉི་མ་ལགས། །
ང་ཡིས་བྱེ་མ་དཀར་པོས་ཁྱོད་ལ་མཆོད། །
མུན་ནག་ཟླུམ་པོ་རེ་རེ་ཐག་ཉེར་ཉལ། །
འོད་དཀར་ཟུར་གསུམ་ལ་ལ་ཐག་རིང་འཕུར། །
ཚེ་འདིར་ལ་ཐུར་མང་སའི་ཤར་ཕྱོགས་ཀྱི།།
བྱང་ཕྱོགས་ག་ལ་བ་དེར་ཐེག་པར་བྱ། །
ཉི་གྲིབ་ལག་པ་མང་པོས་རི་ལ་འགོས། །
ཡང་བསྐྱར་རྐང་པ་མང་པོས་རི་ནས་བབས། །
སྔ་དྲོ་ཕྱི་དྲོའི་ཀློང་དུ་ཟགས་པར་གྱུར། །
ཡིད་ནི་ཡུལ་གྱི་ཡལ་གར་ཐོགས་ནས་འཕྱངས། །
དུ་བ་འཐེན་པའི་ཁ་ནི་ཟིང་སྐྱ་ཞིག །
མཆེ་བ་གཉེར་ཞིང་གླག་གི་རྒྱལ་རབས་འཆད། །
དེ་བས་དད་པའི་རུ་མཚོན་འཕྱར་དགོས་བྱུང་། །
དེ་བས་མདུད་པ་བརྒྱབ་ཅིང་བཤིག་དགོས་བྱུང་། །
དེ་བས་ཆུ་ལ་གྲུ་དང་གྲུ་ལ་མི། །
མི་ལ་སེམས་དང་སེམས་ལ་གླུ་བཞིན་ནོ། །

                                         ༢༠༡༤ ༥ ༢༠

      (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།