དངོས་བྲིས་འོག་གི་བརྗེད་ཐོ།

རི་འཚེར་དབང་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-20

   ཕུར་བ་སྐྱབས་ཀྱི་ཕ་མ་གཉིས་ནི་དགོང་ལོ་ཧ་ཅང་མཐོ་བས་ཁོ་རང་སློབ་གྲྭ་གྲོལ་རྗེས་སུ་ཁྱིམ་གྱི་ལས་ཀ་ཙག་ཙིག་དག་ནི་ཁོ་རང་གཅིག་པུས་ལས་ཀྱིན་འདུག   རྐྱེན་དུ་མའི་དབང་གིས་ཁོ་རང་ལོ་ན་ཆུང་དུས་སུ་སློབ་གྲྭ་འགྲོ་ཐུབ་མེད།   གང་ལྟར་ཕ་མར་སྲིད་ཞུ་སྒྲུབ་རྒྱུ་དང་ནང་མི་མཐུན་སྒྲིལ་བྱེད་པའི་ལུགས་སྲོལ་བཟང་བོ་དེ་ཁོས་ནམ་ཡང་རང་གི་རྒྱུད་ན་དོར་མ་མྱོང་།  མ་གཞི་ནས་ཁོ་ཚང་ནི་འབྱོར་བ་ཞན་དྲག་པས་སྡེ་བའི་གྲས་ནས་ཀྱང་ཧ་ཅང་ཉམ་ཆུང་གི་གནས་སུ་གྱུར་འདུག་ནའང་ཕུར་བ་སྐྱབས་ལ་བློ་དང་རིག་པ་གསལ་ཞིང་བྱ་བ་གང་སྒྲུབ་ནའང་ཡིད་ཆེས་ཀྱི་ཕྱུག་ཡོད་པས་སྡེ་བའི་མི་ཚང་མས་ཁོ་ལ་ཀུན་དགའ་སྐྱབས་ཞེས་རུས་མིང་གསར་བ་བཏགས་ཡོད།  ནམ་མཁའི་སྐར་ཚོགས་གྱིས་ཕྲ་བརྒྱན་བཏབ་ཅིང་དཀར་གསལ་གྱི་ཟླ་བས་མཛེས་རྒྱན་སྤྲས་བའི་དགོང་མོ་ཞིག་ལ་བཟའ་མི་གང་བོས་ནུབ་ཚ་འཐུང་རྗེས་སུ་ཁོ་ཚོས་ཕན་ཚུན་ལ་རང་རང་གི་སེམས་གཏམ་དང་བསམ་ཚུལ་རེ་འགའ་བརྗོད་པའི་སྐབས་སུ་གློ་བུར་དུ་ཕུར་བ་སྐྱབས་ལྐུགས་པ་བཞིན་ཁ་རོག་གེར་བསྡད་ནས་ཡུན་རིང་ཞིག་འགོར་རྗེས་སུ་“ཨ་ཕ་ཨ་མ།   ད་ངས་སློབ་གྲྭ་མི་འདོན།   ད་ནས་བཟུང་ངས་ཁྱེད་གཉིས་ལ་སྲི་ཞུ་སྒྲུབ་ནས་འདུག་རྒྱུ་ཡིན”ཁོ་གཉིས་ཀྱིས་གཅིག་གདོང་གཅིག་ལ་ཅེར་བཞིན“གླེན་རྟགས་མ་སྟོན།   སློབ་གྲྭ་མི་འདོན་ན་ཅི་བྱེད་རྒྱུ” ཁོས་ “སློབ་གྲྭ་བཏོན་བཏོན་ནས་སློབ་གྲྭ་ཆེན་མོ་ཞིག་ཏུན་རྒྱུག་འཕྲོད་རྗེས་སུ་ཡུལ་འདི་དང་ཁ་བྲལ་ནས་ས་ཆ་གཞན་ཞིག་ཏུ་འགྲོ་དགོས།དེ་བས་ཁྱེད་གཉིས་གཅིག་པུ་བསྐྱུར་ན་ངས་སེམས་དེ་འདྲ་མི་བདེ།   སློབ་གྲྭ་འདོན་དགོས་ན་ང་ལ་ཆ་རྐྱེན་ཞིག་ངེས་པར་དུ་ཁས་ལེན་དགོས།” “ཧ་ཧ      གཅེས་ཕྲུག   ཁྱོས་ཤོད།   ཆ་རྐྱེན་ཇི་ལྟ་བུ་ཞིག་ཡིན་ནའང་ངེད་གཉིས་ཀྱིས་ཁས་ལེན” “དེ་ན་ང་ལ་ཆུང་མ་ཞིག་ལེན་དགོས།  ” “ཁྱོད་ད་དུང་ལོ་ན་ཆུང་བས་ཆུང་མ་ཞིག་ལངས་ན་སྔ་འདུག     རྗེས་སུ་རང་ཉིད་ལས་བྱེད་པ་ཞིག་ཉན་ན་ལས་བྱེད་པ་ཞིག་ལངས་ན་མི་བཟང་ངམ།  ” “ང་ལ་ཆུང་མ་ལས་བྱེད་པ་མི་མཁོ།  ལོ་སྔ་གཞུག་གང་ནས་དེད་རུང་ཆུང་མ་ཞིག་ལེན་མཁོ་ནི་རེད། ” དུས་དེར་ཕུར་བ་སྐྱབས་ཀྱིས་ཕ་མའི་ཁས་ལེན་པར་ཁོ་ལ་གདེང་ཚོད་ཆེན་པོ་ཡོད་དེ་རང་ཤུགས་མེད་པར་སེམས་ཇེ་བདེ་ནས་ཇེ་བདེ་རུ་གྱུར།
  དེ་ནས་ཁོ་གཉིས་ལའང་ཅི་བྱ་གཏོལ་མེད་དུ་གྱུར་ནས་“གཅེས་ཕྲུག   ཡ་ཡ”ཟེར་བཞིན་དོན་ཆེན་འདི་ལྟར་ཐག་བཅད་དོ།  ཕྱི་ཉིན་ཞོགས་པར་ཨ་ཁུ་མགོན་ཐོ་བར་བ་རུ་བསྐོས་ནས་ཨ་ཁུ་ཀླུ་འབུམ་ཚང་གི་བུ་མོ་མཚོ་སྐྱིད་བག་མ་སློང་དུ་སོང་།  ཨ་ཁུ་ཀླུ་འབུམ་ཚང་གི་བུ་མོ་མཚོ་སྐྱིད་ནི་ཞི་འཇམ་དང་ཡ་རབས་ཚུལ་ལྡན་གྱི་བུ་མོ་ཞིག་ཡིན་པས་དུས་ད་བར་དུ་བག་མ་སློང་གི་ཡོང་མཁན་ནི་རྒྱུན་ཆད་མ་མྱོང་བའི་བཤད་སྲོལ་ཡོད་ཀྱང་གང་ལྟར་མི་སུ་ལའང་བྱིན་མ་མྱོང་།  བར་བ་སོང་རྗེས་སུ་ཕ་མ་གཉིས་ཀྱིས་སེམས་འཚུབ་པའི་ངང་ནས་“ད་ཅི་བྱེད་རྒྱུ། ”“དེང་སང་གི་དུས་དེར་ཁྱིམ་ཚང་བཟང་ངན་ནི་སུ་ཚང་ལ་མཚོན་ནའང་དོན་ཆེན་ནང་གི་འགངས་ཆེན་རེད། འུ་ཚང་ལྟ་བུའི་དབུལ་བོ་ཞིག་ལ་སྟེར་ནས།   བུ་མོ་མཚོ་སྐྱིད་ལ་མཚོན་ན་སྡུག་གི་ཁུར་བོ་མཉམ་ཁུར་དང་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན།   དོན་གང་ལ་འཕྲད་ནའང་ཚུལ་འཆོས་ཀྱིརང་མདངས་མ་ཉམས་པར་ཡུལ་ཕྱོགས་འདི་ན་སྐྱེ་ཕོ་མོ་རྒན་གཞོན་ཐམས་ཅད་ཀྱི་སེམས་ན་མིག་དཔེར་ལྟ་ས་ཞིག་ཏུ་གྱུར་འདུག   ཨ་ཨ།   ད་ངོ་མ་དཀའ་མོ་རེད་ཡ།  ”ཟེར་བཞིན་ཨ་མ་གཡུ་སྒྲོན་གྱི་ཁ་ནས་ཁ་བཏོན་ཞིག་འདོན་བཞིན་སྒོར་ཕྱི་སོང་ནས་ལྕི་བ་སྐམ་བཞིན་བར་བ་ཕྱིར་ཡོང་བར་རེ་སྒུག་བྱེད་བཞིན་འདུག   དེ་ནས་ཅུང་མ་འགོར་བར་བར་བ་
ཕྱར་སླེབས་བྱུང་།   འཛུམ་མདངས་ཀྱིས་བརྟས་བའི་བར་བ་དེའི་གདོང་ལ་ཁོ་གཉིས་ཀྱིས་བལྟ་མི་ཐུབ་པའི་ཉམས་འགྱུར་ཞིག་བྱུང་སྟེ་བར་བས་གཏམ་བཟང་མཐའ་དག་གཅིག་ཀྱང་མ་ལུས་བར་གཅིག་གཅིག་གཉིས་གཉིས་བཞིན་བཤད་མ་ཐག་རྒན་རྒོན་གཉིས་ཡུན་ཙམ་ཞིག་ལ་ཧང་སངས་བར་གྱུར་ནས་ཕྱིར་སློག་པའི་ལན་ཞིག་ཀྱང་རྙེད་མ་བྱུང་།  ལོ་དེར་རྟགས་དང་རྟེན་འབྲེལ་འཛོམས་ཞིང་རྟེན་འབྲེལ་ཆ་འགྲིག་གི་ཉིན་མོ་ཞིག་ཡིན་པས་ཏག་ཏག་ཀུན་དགའ་སྐྱབས་ཀྱང་སློབ་འབྲིང་ལ་ཞུགས་པའི་ལོ་ཐོག་མ་ཡིན།  ཁོ་རང་རྫོང་སློབ་འབྲིང་དུ་ཞུགས་པ་ནས་བཟུང་ཡུལ་ལའང་དེ་འདྲ་མང་བོ་ལོག་མི་ཐུབ་ཀྱང་མཚམས་ལན་རེར་ཟླ་གཅིག་གི་རིང་ལ་ཡུལ་གྱི་དོན་དག་ཅི་ཡང་མི་གོ་བའི་གནས་ཚུལ་ཡང་འབྱུང་སྲིད།  ཁོ་རང་སློབ་སྦྱོང་ལ་ཧ་ཅང་བཟང་བས་རྫོང་རིམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་གང་མང་ཐོབ་མྱོང་ལ་མཐོ་འབྲིང་ལོ་རིམ་གཉིས་བའི་སྐབས་ཀྱི་སློབ་སྐབས་དེའི་མཇུག་ཏུ་གོང་རིམ་གྱི་མཆོག་མཆན་ལྟར་སློབ་གྲྭ་ཞིག་ལས་ཆེས་ཕུལ་དུ་བྱུང་བའི་སློབ་མ་ཞིག་ཟས་རིན་དང་དཔེ་རིན་གང་ཡང་སྤྲོད་མི་དགོས་བར་ཕྱི་རྒྱལ་དུ་ཕྱི་འགྲིལ་སློབ་མ་བྱེད་དུ་མངགས་དགོས་ཤིང་སྐབས་དེར་དགེ་སློབ་ཀུན་གྱིས་བདམས་ཐོན་བྱུང་བའི་མཇུག་འབྲས་ཀྱང་ཀུན་དགའ་སྐྱབས་ཀྱི་གཉའ་ལ་བབས་བྱུང་།  ཁོས་སེམས་ཚེགས་བྱེད་ས་ནི་ལོ་ན་བགྲེས་བའི་ཕ་མ་གཉིས་ཡིན་ཞིང་དེ་ལས་བློས་གཏོང་མི་ཐུབ་པ་ནི་རང་ལ་བརྩེ་མདང་ཆེ་བའི་ཆུང་མ་མཚོ་སྐྱིད་ཡིན།  གང་ལྟར་འདི་ལྟ་བུའི་དོན་ནི་ཧ་ཅང་ཉག་ཕྲ་བར་འདོད་དེ་ཁྱིམ་མི་ཡོངས་ལ་གྲོས་ཁ་མ་བསྟུན་པར་ཕྱི་རྒྱལ་དུ་འགྲོ་རྒྱུ་སེམས་ཐག་བཅད།   ལོ་དེའི་ཟླ་དྲུག་པར་ཁོ་རང་དངོས་སུ་ཕྱི་རྒྱལ་དུ་སོང་ནས་ཟླ་གཅིག་འགོར་རྗེས་སུ་ཡུལ་ལ་འཕྲིན་ཐུང་ཞིག་བསྐུར་བྱུང་།   འཕྲིན་ཡིག་གི་ནང་དོན་ཡང་ཁོ་རང་ཕྱི་རྒྱལ་དུ་སོང་ཡོད་ཀྱང་ང་ལ་སེམས་
ཚེགས་དེ་འདྲ་བྱེད་མི་དགོས།   དཀའ་སྡུག་ནི་འཇའ་ཚོན་བཞིན་ཡལ་སླ་ཞིང་དེའི་རྗེས་ཀྱི་ཉི་མའི་འོད་ཟེར་གྱིས་ང་ཚོ་སྐྱོང་ངེས་རེད། ཨ་མས་འཕྲིན་ཡིག་དེ་བཀླགས་ཚར་རྗེས་སེམས་ཚེགསཀྱི་མནར་བའི་མཆི་མས་མིག་ཟུང་མཐའ་དག་བརླན་པར་བྱས་ཞིང་ཀུན་དགའ་སྐྱབས་ཀྱི་ཕྱོགས་ལ་ནམ་ཡང་སེམས་ཚེགས་རུམ་ནས་ལུས་ཕུང་ཉིན་རེ་ནས་ཉིན་རེར་ཉམས་རྒུད་དུ་སོང་སྟེ་སྨན་གྱིས་བཅོས་ཐབས་མེད་པར་སྙིང་ནད་ཞིག་ཀྱང་བྱུང་རྩིས་བྱས།  ཨ་མ་གཡུ་སྒྲོན་ནི་ལོ་ང་དྲུག་ཡིན་ལ་འགྱོད་དགུང་གིས་མནར་བའི་སེམས་པ་དེ་དབང་གིས་སྙིང་ནད་དེ་ཟླ་གཅིག་གི་རིང་ལ་ལངས་ཐེངས་གཅིག་རེ་བྱེད།   འོན་ཀྱང་མནའ་མ་མཚོ་སྐྱིད་ཀྱིས་ཁོ་རང་རང་གི་ཕ་མ་བཞིན་
གཅེས་ནས་དགུང་མོའི་གཉིད་དང་ཉིན་དཀར་གྱི་ཟས་ཀྱང་དེ་འདྲ་བཟང་བོ་སྤྱོད་པའི་གོ་སྐབསཀྱང་མི་འདུག ལོ་གཅིག་དང་ཕྱེད་ཀའི་རྗེས་སུ་ཨ་མ་གཡུ་སྒྲོན་རྫོང་མི་དམངས་དམངས་ཁང་དུ་འགྲོ་དགོས་བས་ཁྱིམ་གྱི་རྟ་རྒན་དེ་བཙོང་ནས་དེའི་ཐོག་ལ་སྨན་རིན་སྒོར་ཁྲི་གསུམ་སྤྲོད་དགོས་བའི་གནས་ཚུལ་འབྱུང་།   ཁོ་ཚང་ལ་སྒོར་མོ་་དེ་འདྲ་མང་བོ་ཞིག་མེད་པས་མི་གཞན་ལ་བསྐྱིས་ནས་ཨ་མའི་སྙིང་ནད་དེ་ལྟར་གསོ་ཐབས་བྱས་མོད་འོན་ཀྱང་དྲག་ཐབས་མ་བྱུང་།  ལོ་གཉིས་ཀྱི་རྗེས་སུ་ཀུན་དགའ་སྐྱབས་ཕྱིར་ཕ་ཡུལ་དུ་ལོག་པའི་གནས་ཚུལ་འབྱོར་བྱུང་།  ཁོ་རང་ཡུལ་དུ་མ་ལོག་པར་རྫོང་ཁུལ་ནས་ཁང་བརྩེགས་དང་རླངས་འཁོར་བཅས་ཉོས་ནས་རྒྱས་སྤྲོས་ཀྱི་འཚོ་བ
ཞིག་བག་མེད་སྤྱོད་བཞིན་པའི་གཏམ་ཞིག་ཀྱང་བཟའ་མི་གང་བོའི་རྣ་ལམ་དུ་འབྱོར་བྱུང་།   ཉིན་གཉིས་པར་ཆུང་མ་མཚོ་སྐྱིད་དངོས་སུ་རྫོང་ཐོག་ལ་ཁོ་རང་འཚོལ་དུ་སོང་མོད་འོན་ཀྱང་ཁོས་བོད་སྐད་མི་ཤེས་བའི་རྒྱ་མོ་ཞིག་གཞུག་ལ་དྲུད་ནས་སྲང་ལམ་དུ་འཆམ་འཆམ་དུ་འགྲོ་བར་མཚོ་སྐྱིད་ཀྱིས་མཐོང་བྱུང་བས་ཁོང་ཁྲོ་ཡི་མེ་ལྕེ་འབར་ནས་དེ་མ་ཐག་ཏུ་ཁོའི་ཉྭ་ལ་འཐམ་ནས་“ཁྱི་རྒན་ཁྱི་རྒན།  ཁྱོད་འདི་ལྟར་བསྡད་ན་ང་ཚོའི་ཅི་བྱེད་རྒྱུ།  ནད་དྲག་ན་སྨན་པ་བརྗེད་ཀ”སྐབས་དེར་ཀུན་དགའ་སྐྱབས་ཀྱིས་མགྲིན་བརྣངས་བཞིན་“མཚོ་སྐྱིད།  ཁྱོད་ལྷོད་ལ་བོབས།   ངས་ཁྱོད་ལ་གསལ་བཤད་བྱེད།   ཁྱོད་གོ་བ་ལོག་ཐལ།   ངས་འུ་ཚོ་བཟའ་མི་གང་བོ་སྒོར་མོས་གསོ།”དེ་ནས་མཚོ་སྐྱིད་ཀྱིས་“ཁྱི་སྐྱག”་ཟེར་བཞིན་འགྲམ་ལྕག་ཞིག་གཞུ་ནས་ངུ་བཞིན་ངུ་བཞིན་ཕྱིར་ཡུལ་དུ་ལོག་ཏེ་ཕ་མ་གཉིས་ལ་དེ་ལྟར་ཞུ་མ་ཐག་ཨ་མ་གཡུ་སྒྲོན་གྱི་མགོ་ལ་ཅིག་འཐིབས་ནས་ཉལ་ས་ལྷུང་ནས་ཕྱིར་ལངས་རྒྱུ་མེད་པར་གྱུར་རོ།    དུས་དེ་ནས་ཀུན་དགའ་སྐྱབས་ཀྱིས་བཟའ་མི་གང་བོ་རྒན་འཚང་དུ་བརྒྱབ་པ་ལྟར་རྒྱ་མོ་དེ་ཆུང་མ་ལངས་ནས་ཡུལ་ལ་ཐེངས་གཅིག་ལའང་ལོག་མ་བྱུང་བར་རྫོང་ཐོག་ནས་བདེ་ཞིང་སྐྱིད་པའི་འཚོ་བ་ཞིག་དེ་ལྟར་རོལ་ལོ།  བཟའ་མི་གང་བོས་ཀུན་དགའ་སྐྱབས་ལ་ད་དུང་ནས་ད་དུང་སེམས་ཚེགས་བྱེད་བཞིན་བྱེད་བཞིན་དུ་་་་་་་་་
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དངོས་བྲིས་འོག་གི་བརྗེད་ཐོ།

2012-04-20 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།