སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་གསར་བ། ༼སྡིགས་མོ༽

  ཧིན། ད་ཐོན་ཐལ། ཡང་གང་ཞིག་ལ་ལྡོམ་དུ་སོང་བ་ཡིན། ཁྱོད་ཁྱིམ་དུ་འཛུལ་ཡོང་དུས་ཀྱི་ཚུགས་ཀར་ལྟོས་དང་། སུ་ཞིག་གིས་ཟ་མ་མ་བླུད་པར་མནར་བ་དང་འདྲ་བོ་འདུག ཨ་ཅི། དེ་རིང་ཁྱོད་ཀྱིས་ཆང་འཐུང་བ་ཡིན་ནམ། ཅི་ལ་མིན། ངས་ཁྱོད་ལ་འདྲི། ཁྱོད་ཀྱི་སེམས་ན་ཁྱིམ་ཚང་འདི་ཡོད་དམ་མེད། ཧིན། ཡོད་ཡོད་ཟེར་ཀྱང་ཡོད་དེ་ཁྱོད་ཀྱིས་ཅི་ཞིག་བྱས་མྱོང་། ཡོད་དེ་ཁྱོད་ཀྱིས་ཉིན་རྒྱུན་ཆང་འཐུང་བ་ཨེ་ཡིན། དེ་མ་གཏོགས་ཁྱོད་ཀྱིས་ཅི་ཞིག་ལས་མྱོང་། ཕར་སོང་ཕར་སོང་། ང་ལ་རེག་མི་དགོས། ཁྱོད་ཀྱིས་ལྟོས་དང་། ད་ནི་དུས་ཚོད་དུ་རེད། ད་ནི་ཉི་མ་ཡང་ནུབ་འདུག་པ་མི་མཐོང་ངམ། ད་ནངས་ནངས་ཇ་འཐུངས་རྗེས་ཕར་སོང་བ་རེད། ཉིན་གང་བོར་སྨྱོ་ཆུ་དེ་དང་ཁ་གྱེས་མ་ཕོད་པ་ཨེ་རེད། དེས་ན……, ཨ་རོགས་ཨ་རོགས། ཁྱོད་ཀྱིས་ལྕགས་ཐབ་བསྒྱེལ་རྒྱུ་རེད། གོམ་ཁ་ཡང་མི་ཐུབ་ན་སྨྱོ་ཆུ་དེ་འཐུངས་ནས་ཅི་བྱེད་དམ།དེས་ཕོ་བ་འགྲངས་ཀྱིན་འདུག་གམ། འོ་ན་དེ་འཐུངས་ཏེ་ཁྱོད་ལ་ཅི་ཞིག་ཐོབ་བྱུང་། འདི་རེད། ད་ནི་གྲོ་ཕྱེའང་ཚར་ནས་ཟ་རྒྱུ་མི་འདུག ཁ་སང་ངེད་གཉིས་ཉོ་རུ་འགྲོ་བཤད་པ་ན་ཁོས་རྩོམ་ཡིག་འབྲི་དགོས་ཟེར། རྩོམ་ཡིག ཕའེ། དེ་བྲིས་ནས་ཁྱོད་ལ་ཅི་ཞིག་བྱིན་སོང་། ད་དུང་རྩོམ་ཡིག་བྲིས་ན་སྒོར་མོར་སྟེར་ངེས་རེད་ཟེར་ནས་ངའི་མགོ་གཡོགས་ཐབས་བྱེད། ད་ནི་སྒོར་མོ་ག་རེ། ཁྱོད་ཀྱི་སྒོར་མོ་གང་ན་ཡོད། སྟོན་རྒྱུ་མེད་ཨང་། ཅི་ཞིག? འོ་དེའམ། ན་ནིང་ཞིག་ལ་སྒོར་རྡོག་བརྒྱ་བསྐུར་ཡོང་བ་དེ་ཟེར་རམ། དེ་བདེན་པ་ཡིན། འོ་ན་ངས་ཁྱོད་ལ་འདྲི། སྒོར་རྡོག་དེ་ཚོས་ཁྱོད་ཀྱིས་ཁྱིམ་ནང་འདི་ལ་ཅི་ཞིག་ཉོས་སམ། ལས་གྲོགས་ཚོར་ཟ་མ་ལྡུད་སྤྱད་བྱས་ཏེ་ཤོག་ཧྲལ་དང་ལྕགས་སྨྱུག་ཉོ་རྒྱུར་ཡང་མ་འདང་བ་མིན་ནམ། ལྕགས་སྨྱུག་རེ་ཡང་ཉིན་འགའ་མ་འགོར་བར་བོར་འགྲོ ངས་རྫུན་བཤད་པ་མིན་ཨང་། དེ་ནི་ཟླ་ཕོགས་ཀྱང་དུས་ལྟར་སྟེར་ནུས་ཀྱི་མེད་པ་འདི་རེད། དེ་ལས་ཁྱོད་ཀྱིས་ཁྱིམ་ནང་དུ་ལས་ཀ་རེ་བྱས་ནའང་དེ་དང་བསྡུར་ན་མི་བཟང་ངམ། ད་བར་དུ་ཤོག་ཧྲལ་དེ་དག་གི་སྟེང་དུ་འཐམས་ནས་ཕྱོགས་ཅི་ལ་ཡང་སེམས་ཁུར་མི་བྱེད་པར་འདུག ཕོ་ལས་མོ་ལས་ཡོངས་རྫོགས་ང་གཅིག་པུའི་སྟེང་དུ་འཕངས་པ་རེད། ངས་ངོ་མ་བཤད་པ་ཡིན། ད་ནི་ངས་ཀྱང་མི་ནུས་པར་འདུག ད་དུང་……ཝེ། དེ་གར་ཞི་ལི་བསྙལ་ཡོད་པ་མི་མཐོང་ངམ། ཁྱོད་ལ་མིག་མེད་པ་ཨེ་རེད། ཉལ་ཡང་མི་ཤེས་ན་སྨྱོ་ཆུ་དེ་འཐུང་ནས་ཅི་བྱེད་པ་ཡིན། ཉལ་ཐུལ་ལ་ཁེན་ན་མི་ཆོག་གམ། ཝེ། ཁྱོད་ཀྱིས་ང་ལ་ཉན་གྱིན་ཨེ་ཡོད། རེད་ཡ། ངས་ཁྱོད་ལ་འདྲི། སུ་ཚང་ལ་སོང་བ་ཡིན། གཅིན་དེ་གང་ནས་འཐུངས་པ་ཡིན། ཡང་ཆང་རྐྱལ་ཞབས་བརྡོལ་ཚང་ཨེ་ཡིན། ང་རང་འགྲོ་ཆོག ང་སོང་སྟེ་ཐད་ཀར་ཁོ་ལ་སྡིགས་མོ་ཚ་དྲག་ཅིག་བྱེད་དགོས། ཁོ་ལ་སྒོར་མོ་ཡོད་ན་ཁོ་རང་ཉིད་ཀྱིས་འཐུང་ཆོག་པ་རེད། ཁྱོད་ལ་ལྡུད་དོན་ཅི་རེད། ཅི་ཟེར། ང་རང་ངོ་མི་ཚའམ། དེར་ངོ་ཚ་དོན་ཅི་ཡོད། འོ་ན་ཁོས་ཁྱོད་ལ་ཆང་ལྡུད་དོན་ཅི་རེད། འདི་ནི་ཆེད་དུ་ཁྱོད་མེ་འོབས་ནང་དུ་འཕེན་པ་མ་རེད་དམ། ད་ནིང་ཡང་དེ་ལྟར་རེད། སློབ་མ་དེ་འདྲ་མང་པོ་ཞིག་བསྐྱེད་བསྲིང་བྱས་ཀྱང་རྗེས་ནས་སྐྱོན་འཛུགས་ས་ནི་ཆང་འཐུང་རྒྱུ་མང་འདུག་ཟེར་བ་དེ་རེད། སློབ་མ་དག་གིས་ཡར་ལ་རྒྱུགས་འཕྲོད་ཀྱང་ཁྱོད་རང་མར་ལ་སྤྱུགས་པ་རེད། ཁྱོད་ངོ་མི་ཚའམ། ཁྱོད་ངོ་མི་ཚ་ནའང་ང་ཁ་སྐྱེངས་འོང་། ལྐོག་ཏུ་མི་རྣམས་ཀྱིས་ཁྱོད་ལ་ཅི་ཟེར་གྱིན་པ་ཨེ་ཐོས། ང་རང་ངོ་མ་སྡོད་མི་ནུས་པར་འདུག ས་གླིང་དཀར་ལྷ་སྡེ་ཤར་ལྟ་ལ་ཁ་ནུབ་ལྟ་ཨ་ཁུ་ཁྲོ་ཐུང་རེད་ཟེར་བ་ཁྱོད་ལྟ་བུ་ལ་བཤད་པ་རེད། མིན་ནམ། སེམས་ཅན་ཀུན་གྱིས་དཔོན་པོའི་ངོ་ལ་བལྟས་ཏེ་གོ་ས་རེ་རེག་ཨེ་ཐུབ་ལྟ་དུས། ཁྱོད་ལ་ལྟོས་དང་། ཁྱོད་ཀྱིས་ད་དུང་དཔོན་པོའི་རྒྱུགས་ཁྱི་བྱེད་མི་འདོད་ཟེར་ནས་མར་ལ་འབབ་ཨེ་ཐུབ་ལ་ལྟ་བཞིན་འདུག ངོ་མ་གླེན་པ་གཏི་ཐུག་རེད། ཅི་ཞིག་ཅི་ཞིག ཇ་བླུགས་ཤིག་ཟེར་བ་ཡིན་ནམ། མ་ཤེས་མ་ཤེས། རང་ཉིད་ཀྱི་ལག་པ་འགུལ་མི་ཤེས་སམ། དེ་འདྲའི་ཚད་དུ་འགྲོ་བར་བྱས་ཏེ་སྡུག་གྱོང་རེད། སུ་ཞིག་གིས་ཁྱོད་ལ་ནན་ཚུགས་བྱས་པ་རེད། ཅི་ཞིག? ང་རང་ཁོམ་གྱིན་མེད་པ་མི་མཐོང་ངམ། ལྟོས་དང་། དེ་རིང་ཉིན་གང་བོར་གྱོན་གོས་དང་ཉལ་ཐུལ་ཉལ་གདན་གྱི་ཕྱི་གཡོགས་ཚང་མ་བཀྲུས་པ་ཡིན། ད་དུང་ཉལ་གོས། ཉལ་གོས་དག་ཀྱང་བསྐྱར་འཚེམ་བྱས་པ་ཡིན། ཁྱོད་ཀྱིས་ཅི་ཞིག་བྱས། ཉིན་གང་བོར་སྨྱོ་ཆུ་དེ་འཐུངས་ནས་ཉི་མ་གར་ནུབ་ཀྱང་མ་ཤེས་པ་རེད། དེ་ལས། རེད་ཡ། དེ་ལས་ང་ལ་ཆུ་ཟེའུ་གང་ལེན་རོགས་བྱས་ནའང་མི་ཆོག་གམ། དེ་མིན་ན་ཞི་ལི་ཉར་རོགས་བྱས་ཏེ་ང་ལ་ལས་ཀ་བྱེད་དུ་བཅུག་ནའང་ཆོག་པ་རེད། ངས་ངོ་མ་བཤད་པ་ཡིན། ཁྱོད་ཀྱི་སེམས་ན་ཁྱིམ་ཚང་འདི་གཏན་ནས་མི་འདུག ཁྱོད་ཀྱིས་ཁྱིམ་ཚང་གཞན་གྱི་སྐྱེས་པ་ཚོར་ལྟོས་དང་། ཐ་ན་རྒྱ་སྲང་དུ་འགྲོ་དུས་ཀྱང་ཁྱིམ་ཚང་ནང་དུ་ཅི་ཞིག་བྱས་ན་བཟང་བ་ཁོ་ན་དྲན་གྱིན་འདུག དེ་མིན་ནམ། ཁྱོད་ཚོའི་སློབ་གཙོས་ཀྱང་ལོ་བཞིན་ཞིང་ས་གླས་ནས་བཏབ་སྟེ་སྒོར་ཁྲི་ཕྲག་རེའི་ཡོང་སྒོ་འདུག་ཟེར་བ་མིན་ནམ། ད་དུང་དགེ་རྒན་ཕག་བཤའ་དེས་ཕག་ཤ་ཁོ་ནའི་ཚོང་རྒྱག་གིན་པ་མིན་ནམ། ཁྱོད……ཁྱོད་ལ་ཅི་བྱུང་བ་རེད། ད་དུང་ཉིན་བཞིན་ཡུལ་དུ་ཐོན་ཐོན་འཕྲལ་རྩོམ་ཡིག་འབྲི་དགོས་ཟེར་ནས་དེའི་སྟེང་ལ་ཅེར་འགྲོ། དེ་མིན་ན་སློབ་མ་ཚོའི་ལས་བྱ་རྩེག་མ་རེ་ཁྱེར་ཡོང་སྟེ་དུས་ཚོད་དེའི་སྟེང་ནས་བསྐྱལ་འགྲོ དེ་མིན་དུས་ནི་འདི་རེད། སྨྱོ་ཆུ་ཁོ་ན་འཐུངས་ནས་སྡོད། ད་དུང་རང་སེམས་གཡེང་ཐབས་བྱེད་པ་ཡིན་ཟེར། འོ་ན་ངས་ཁྱོད་དོང་ནང་ཞིག་ཏུ་བཙུད་ནས་ཡོད་པ་ཨེ་རེད། ཅི་ཟེར། མ་སྡིགས་ཟེར་རམ། ཡ་ཡ་ཡ། མི་སྡིགས། ངས་ཁྱོད་ལ་མ་སྡིགས་ཀྱང་ཆོག ཡིན་ནའང་ཁྱོད་ཀྱིས་སོམས་དང་། ངས་འདི་ལྟར་སྡུག་ཁོག་ལ་བཅུག་ནས་སྡོད་ནུས་རྒྱུ་ཨེ་རེད། ཁྱོད་ལ་མ་སྡིགས་ན་ཨེ་ཆོག་པར་འདུག མགོ་འཕྲེད་དུ་གཡུག་རྒྱུ་ཅི་ཞིག་འདུག ངས་ངོ་མ་བཤད་པ་ཡིན། འོ་ན་ངས་ཁྱོད་ལ་འདྲི། འདི་ནི་ཁྱོད་ཀྱི་ཞི་ལི་ཨེ་རེད། ཁྱོད་ཀྱིས་ད་བར་དུ་དུས་ཚོད་ཕྱེད་ཙམ་ལ་ཡང་ཁོ་ལག་ཏུ་འཛིན་ཨེ་མྱོང་། ཁོ་ལ་གྱོན་གོས་ཤིག་ཉོ་ཨེ་མྱོང་། འདི་འདྲའི་ཨ་ཕ་ཞིག་ཨེ་ཡོད་དམ། ངོ་མ་ཞི་ལི་ཡང་ལས་ངན་ཞིག་རེད། ཁྱོད་ལྟ་བུའི་ཨ་ཕ་ནུས་མེད་ཅིག་ག་ལ་ཁེལ་སོང་བ་རེད། ཁྱོད་ཀྱིས་ཀྱང་འདང་ཞིག་བརྒྱབ་ན་མི་ཆོག་གམ། དེ་ལས་་་་་འོ་ལེ། དེ་ལས་ཁྱོད་ཀྱི་དགེ་གྲོགས་དེ་ལྟར་དུ་དཔོན་པོ་དག་ལ་ལྟག་སྒོ་བརྒྱུད་ནས་བྱ་བ་ཡང་ས་ཞིག་བཙལ་ཡང་ཆོག་པ་རེད། འོན་ཀྱང་ཁྱོད་ཀྱིས་དཔོན་པོ་ཚོའི་རྒྱུགས་ཁྱི་བྱེད་མི་འདོད་ཟེར། དེ་ལ་རྒྱུགས་ཁྱི་ཟེར་རམ། ཧི་ཧི་ཧི། དེ་ནི་ཁོ་ཚོར་ནུས་པ་ཡོད་པ་རེད། དེས་ན་ཁྱོད་ལྟར་ཉིན་བཞིན་བླུན་པོ་བཞིན་སྡོད་དགོས་པ་ཨེ་རེད། གན་བཤད་ན་དེ་ལ་མི་འཐད། ད་དུང་འདི་ནི་ངའི་གཤིས་ཀ་ཡིན་ཟེར། མ་ཐོས་སམ། ད་ལྟའི་དུས་འདིར་མི་དྲང་མོ་ཡིན་ན་གྱོང་ཕོག་ངེས་རེད་ཟེར། དེ་ནི་ངོ་མ་བདེན་པར་འདུག ཁྱོད་ལྟ་བུ་རེད། ད་དུང་ཉིན་བཞིན་ཐག་རིང་ཞིག་ལ་འདང་རྒྱག་གིན་སྡོད། ཨེ་ཨེ། སེམས་ཅན་གྱིས་ཁྱོད་ལ་ཅི་ཞིག་བཤད་བཞིན་པ་ཨེ་གོ། དེ་དག་གིས་བཤད་པ་ངོ་མ་རེད། ཁྱོད་ནམ་རྒྱུན་རྒྱ་སྲང་ལ་འགྲོ་དུས་མགོ་བོ་དུད། གདོང་བ་སྙེར་ཏེ་ཕལ་ཆེར་རྒད་མོས་ཅི་ཡང་མ་བླུད་པ་ལྟར་འདུག་ཟེར། ཁྱོད་ཀྱིས་ཤོད་དང་། ངས་མི་ཁ་འདི་དག་ཐེག་ནུས་སམ། ཁྱོད་རང་དེ་ལྟར་ངོ་ཤོར་ཏེ་ཅི་བྱེད་པ་ཡིན། འོ་ན་ངས་དངོས་གནས་ཁྱོད་ལ་ཟ་མ་མ་བླུད་པ་རེད་དམ། འོ་ན་ཅི་རེད། ད་དུང་རྩོམ་ཡིག་འབྲི་བར་འདང་རྒྱག་པ་ཡིན་ནམ། ངས་ཁྱོད་ལ་བཤད། མི་སུ་ཞིག་གིས་ཚེ་གང་བོར་རྩོམ་ཡིག་བྲིས་ཏེ་ཁ་གསོ་བཞིན་འདུག གལ་ཏེ་ངས་ཕག་རྒན་དེ་གཉིས་བཙོང་བ་མ་ཡིན་ན་ཁྱོད་སྔོན་ནས་ལྟོགས་གྲིར་ཤི་ཟིན། ཧིན། དགོད་རྒྱུ་ཅི་འདུག འདི་རེད། གྲོ་ཕྱེ་ཚར་ནས་ད་ནི་བག་ལེབ་ཀྱང་ཟ་རྒྱུ་མི་འདུག ད་དུང་ཤ་ཞིག་ཀྱང་ཉོ་དགོས། ཁྱོད་ལ་ཆང་འཐུང་སྤྱད་ཡོད་ན་ཤ་ཉོ་སྤྱད་ཀྱང་ལོས་ཡོད། ངས་ཀྱང་ཆུ་ལྡུར་ནག་པོ་འཐུང་ནས་འདུག་མི་འདོད། རང་ཉིད་ཀྱིས་ལྟོས། ངས་ངོ་མ་མི་ནུས་པར་འདུག ད་དུང་སང་ཉིན་ཞི་ལིའི་མིང་ཡང་དུད་ཐོའི་ཐོག་ཏུ་འཇོག་དགོས་ཤིང་མ་བཞག་ན་ཆད་པ་ཡོད་ཟེར། འདི་ལ་ཡང་ཁ་སང་ང་རང་བརྒྱུགས་པ་ཡིན། ད་ནི་ལོ་གཅིག་འགོར་གྱིན་འདུག་མོད་ཁྱོད་ཀྱིས་ད་དུང་དལ་མོ་བྱོས་ཟེར། ཁྱོད་ཀྱི་ཁར་ཉན་ཚེ་ལོ་བརྒྱར་ཡང་དོན་ཞིག་འགྲུབ་རྒྱུ་མ་རེད། ད་དུང་དགོད་ཀྱིན་འདུག ངས་ངོ་མ་བཤད་པ་ཡིན། ད་དུང་འདི་ལྟར་འགྲོ་ན་བཤད་རྒྱུ་གཞན་མེད། འཐོར། རང་རང་སར་འགྲོ ང་ལ་འགྱོད་པ་ཅི་ཡང་མེད། ཁྱོད་རང་ཉིད་ཀྱིས་འདང་རྒྱོབས། རྩོམ་ཡིག་དགོས་སམ་ཁྱིམ་ཚང་དགོས། ད་དུང་ཆང……ཆང་ཁམ་གང་ཡང་འཐུང་མི་ཆོག ད་དུང་ཁྱིམ་ནང་དུ་སློབ་མ་ཚོའི་ལས་བྱ་ཡང་ཁྱིམ་ནང་དུ་ཁྱེར་ཡོང་མི་ཆོག ད་ལྟའི་དུས་འདིར་གཞུང་དོན་ཁོ་ན་ལས་ནས་འདུག་མཁན་སུ་འདུག ལས་ན་སྒོར་མོ་དགོས་པ་རེད། གཅིག་ཀྱང་མི་ཆོག འདི་འདི་འདི……ངས་ཁྱོད་ལ་ཇ་སྟེར་གྱིན་པ་མི་མཐོང་ངམ། འདྲེ་རྒན། ངོ་མདངས་ལ་ལྟོས་དང་། སྔོན་པོར་གྱུར་འདུག འདི། ཇ་ཐུངས་ལ་ཞི་ལིར་ལྟོས་ཤིག ང་ད་དུང་སྔོ་ཚོད་ཅིག་ཉོ་རུ་འགྲོ་དགོས། གཉིད་མ་འགྲོ་ཨང་། ཞི་ལི་ཐང་ལ་ལྷུང་འགྲོ་ངེས། ཧིན། སང་ཉིན་ད་བཤད། ཧིན……

         (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་གསར་བ། ༼སྡིགས་མོ༽

2014-11-17 སྟག་འབུམ་རྒྱལ། ཀློག་གྲངས། མཆན ཡོད།
 
དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།