ལས་དབང་།

  དེང་སྐབས་ཀྱི་སྤྱི་ཚོགས་ནི་འདི་འདྲ་ཞིག་སྟེ་མི་ཚང་མ་ཆ་སྒམ་སྟེང་བཞག་ཡོད་པའི་གློག་ བརྙན་ཆུང་ངུ་དེའི་གཏམ་རྒྱུད་རྫུན་མ་དེར་མགོ་འཁོར་ནས་དེ་ལས་ཀྱང་ངོ་མཚར་ཆེ་ཞིང་དངོས་ཡོད་དུ་གྱུར་བའི་ལྟད་མོ་རྣམས་བོར་འགྲོ་བ་རེད།དེ་ནི་ཕྱིའི་སྒམ་ཆུང་མཛེས་པོ་དེའི་དོན་དུ་ནང་གི་ནོར་བུ་བསྐྱུར་བའི་གཏམ་རྒྱུད་དང་མཚུངས་པར་བཞད་གད་ཀྱི་རྒྱུ་ཞིག་ཅི་ལ་མ་ཡིན།ཡིན་ནའང་ངས་དེ་ལྟར་དྲང་པོར་བརྗོད་ན་ཁྱེད་ངོ་ཚའི་གནས་སུ་གྱུར་ནས་དེ་དང་མདའ་རྩེ་ཁ་སྤྲོད་ཀྱིས་དགག་པ་བསྐྱོན་པའམ་ཡང་ན་རྒྱུ་མཚན་གཞན་ཞིག་འཚོལ་ངེས།དེ་ནི་མི་ཞེས་པའི་སེམས་ཅན་འདིས་སྤྱང་ཀི་དང་ལྦ་མོ་སོགས་ལས་སྦྱངས་པའི་ཐབས་རྩལ་ཞིག་རེད་ལ་ཐབས་རྩལ་འདིས་འཚོ་བའི་ཁྲོད་དུ་ནུས་པ་ཤུགས་ཆེན་འདོན་བཞིན་ཡོད།དེས་ན་ངས་རང་ཉིད་ཀྱིས་གོང་ལ་བརྗོད་པའི་གཏན་ཚིགས་དེ་ཡང་དག་པར་བསྒྲུབ་ཆེད་དངོས་ཡོད་དུ་གྱུར་བའི་ལྟད་མོ་ཞིག་ཁྱེད་རྣམས་ལ་གློག་བརྙན་བཞིན་ཐད་གཏོང་ཞུ་རྒྱུ་ཡིན་པས་ལྷན་རྒྱས་ནས་སྣང་བ་གཞན་ལ་མ་གཡེང་བར་གསན་གནང་ཡོད་པ་ཞུ།
  དེ་ཡང་འཛམ་གླིང་གི་ཡང་རྩེར་གནས་པའི་ཡུལ་ཁ་བ་ཅན་ཞེས་པ་ཆོས་ལུགས་ཀྱི་དྲི་བཞོན་ས་ཕྱོགས་གང་སར་བར་མཚམས་མེད་པར་ལྡང་བའི་གནས་ཁྱད་པར་ཅན་འདིའི་ལྷོ་ནུབ་མཚམས་ན་ཤོད་སྲོལ་ལ་སུམ་ཅུ་རྩ་གསུམ་གྱི་ལྷ་ཚོགས་འཁོར་ཞིང་ལྡིང་བས་ལྷ་ལྡིང་ཞེས་སུ་ཐོགས་པའི་རུ་སྡེ་ཆུང་ངུ་ཞིག་ཡོད་པ་ལ་དེའི་མི་རྣམས་ནི་བོད་མི་སྤྱི་ལས་ཆོས་དད་ཆེ་ཞིང་།རྒྱུན་དུ་དཀར་པོའི་ལས་གསོག་རྒྱུར་ཤིན་ཏུ་ནས་དགའ།དེ་དག་གི་ཁྲོད་ལས་ཀྱང་བསམ་སྐྱིད་ཁང་གསར་ཞེས་པ་ཁྱིམ་ཀྱི་འབྱོར་པ་དེ་ཙམ་ལེགས་རྒྱུ་མེད་ཀྱང་བསམ་པ་ཀུན་ལས་དཀར་ཞིང་གཞན་ཕན་གྱི་སྦྱོར་བ་རྟག་ཏུ་ལྷུར་ལེན་པས་ཡུལ་མི་ཀུན་གྱིས་རྩི་འཇོག་ཆེན་པོ་བྱ་བཞིན་འདུག།གལ་ཏེ་འཚོ་བ་འདི་ལྟར་རྒྱུན་མཐུད་སོང་ན་བརྙན་འཕྲིན་ནང་གི་འཁྲབ་ཚན་དེ་ཡང་མཚར་སྡུག་ལྡན་པ་ཞིག་ཡིན་གྱིས་འཇིག་རྟེན་གྱི་འཚོ་བ་ནི་སྐར་ཆ་ཙམ་ལའང་འགྱུར་འགྲོ་བ་ཁོ་རང་གི་ཆོས་ཉིད་ཡིན་པ་བཞིན་ཁོང་ཚོའི་གཏན་འཇགས་སུ་གྱུར་བ་ལྟ་བུའི་འཚོ་བ་དེ་ཡང་མི་རིང་བར་སྤྲིན་པར་རླུང་བུ་ལྡང་བ་བཞིན་ཁ་འཐོར་དུ་སོང་།
དེ་ཉིན་གྱི་ནམ་མཁའ་ནི་བྱི་དོར་ལེགས་པར་བྱས་པའི་ཤེལ་སྒོ་ཞིག་དང་མཚུངས་པར་སྤྲིན་པ་ལྷེབ་མོ་ཞིག་ཀྱང་མཐོང་རྒྱུ་མི་འདུག་ལ་རྒྱུན་དུ་བསིལ་བསིལ་དུ་ལྡང་རྒྱུར་དགའ་བའི་ རླུང་བུ་དེ་ཡང་སྤྲིན་པ་ཕར་འདེད་ཚུར་འདེད་ཀྱི་རོལ་རྩེད་མེད་པར་སྙམ་ནས་གནས་གང་ཞིག་ཏུ་ངལ་གསོ་བ་དང་མཚུངས་པར་མཐོང་ལམ་དུ་མི་སྣང་། ཉི་མ་ནི་བཙོན་འགྲོལ་འཐོབ་མ་ཐག་གི་བཙོན་པ་ཞིག་དང་མཚུངས་པར་འཛུམ་མདངས་ལྷག་ཏུ་རྒྱས་ནས་ལམ་སྟེང་དུ་འགྲོ།གནམ་གཤིས་ལེགས་པོ་དེས་ཀྱང་མི་རྣམས་ལས་དོན་ གང་ཞིག་བསྒྲུབ་རྒྱུར་སྐུལ་མ་བྱེད་པ་དང་གཉིས་སུ་མི་འདུག།ཏག་ཏག་སྐབས་དེ་ལ་བསམ་སྐྱིད་ཁང་གསར་གྱི་ཕ་ཚེ་རིང་དང་བུ་དོན་གྲུབ་གཉིས་ཕྲག་པར་རྡོག་ཁྲེས་ལྗིད་ཏིག་ཏིག་ འཁྱེར་ནས་ཡུལ་མིའི་ཡིད་སྨོན་གྱི་མིག་མདངས་ཀྱི་ཁྲོད་དུ་ཁ་འཚེར་འཚེར་གྱིས་གཞུང་ལམ་ཕྱོགས་སུ་བསྐྱོད་བཞིན་འདུག།རེད་དེ།ཕ་ཚེ་རིང་གིས་དུས་ཡུན་རིང་མོ་ཞིག་ནས་བསམ་པའི་ཉི་མ་ལྷ་སར་ཆོས་མཇལ་དུ་འགྲོ་རྒྱུའི་རྨི་ལམ་དེ་ད་གཟོད་མངོན་འགྱུར་བྱུང་བས་རེད་ཁོས་ཁྱིམ་གྱི་ཐོག་གའི་སྟེང་ནས་ད་དུང་ལག་པ་གཡུག་བཞིན་པའི་བཟའ་ཟླར་བལྟས་ནས་ད་ཐེངས་ལྷ་ས་ནས་ཚུར་འཁོར་ན་བདེ་སྐྱིད་ལྷ་སར་ཡིན་གཅིག་ཐེངས་གཅིག་མ་འཁྲིད་ན་རྒད་མོ་ཡང་རྙིང་རྗེ་ཞེས་དམ་བཅའ་འཇོག་པ་བཞིན་བཤད་ཀྱིན་དུ་གཞུང་ལམ་ལ་ཕྱོགས་ནས་སོང་། འདོད་ཐོག་ལ་རྟ་རྒྱུགས་པའི་དཔེ་བཞིན་དུས་རྒྱུན་ཉིན་མ་གང་ཐལ་སྐྱ་འཚུབ་པའི་གཞུང་ལམ་དེར་བལྟས་ཀྱང་རླངས་འཁོར་རིག་རྒྱུ་ཧ་ཅང་དཀོན་ཡང་དེ་རིང་ཁོ་གཞུང་ལམ་དུ་འབྱོར་ནས་ཅུང་ཙམ་མ་སོང་བར་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ཞིག་རྫུ་འཕྲུལ་བསྟན་པ་ལྟར་དེ་མ་ཉིད་དུ་རྡུལ་འཚུབ་ལྷན་དུ་ཁོ་གཉིས་མདུན་དུ་ཐོན་བྱུང་།ལས་བཟང་པོ་བསགས་ན་རྒྱུ་བཟང་པོ་འཐོབ་ཟེར་བ་ཅིས་མ་བདེན་དེ་རིང་དཀོན་མཆོག་གི་ནུས་མཐུ་ངས་མངོན་སུམ་དུ་མཐོང་སོང་ཁོས་ལྷ་བླ་མ་དཀོན་མཆོག་ལ་གསུམ་ལ་སེམས་གཏིང་ནས་གཏང་རག་འཕུལ་བཞིན་ལྷ་སར་སླེབས་པ་ལྟ་བུའི་དགའ་སྣང་བྱེད་བཞིན་རྡུལ་འཚུབ་ཞིག་དང་ལྷན་དུ་ཡུལ་མིའི་མིག་ལམ་ལས་བུད་སོང་ལ་ཤུལ་དུ་ལུས་པའི་ཡུལ་མི་རྣམས་ཀྱང་ཧ་ལས་ལས་དང་ཧང་སངས་སངས་ཀྱིས་ཨ་མ་བདེ་སྐྱིད་ལ་སེམས་པ་བཟང་ན་ས་དང་ལམ་ཡང་བཟང་ཟེར་བ་བདེན་འདུག།ཁྱེད་ཚོའི་ཁྱིམ་རྒྱུན་དུ་ནས་སེམས་པ་བཟང་བ་དང་དད་པ་ཆེ་བས་ལམ་འགྲོ་རྒྱུགས་པ་ལ་ཟེར།
  རླངས་འཁོར་གྱི་ཁ་ལོ་བ་ནི་ལོ་ན་ཉི་ཤུ་ཡས་མས་ཀྱི་ཕོ་གསར་ཞིག་ཡིན་ཞིང་ཀྲོག་ཀྲོག་བྱེད་རྒྱུ་ནི་གཞོན་ནུ་ཕལ་ཆེ་བའི་ནད་ཡམས་ཡིན་པ་བཞིན་ཁོས་ཁོང་གཉིས་ལ་བལྟ་བཞིན་ད་ནི་རང་ཉིད་ཀྱི་འཇོན་ཐང་ངོམས་པའི་དུས་སུ་སླེབས་འདུག་སྙམ་ནས་རླངས་འཁོར་གྱི་མྱུར་ཚད་ཇེ་མགྱོགས་ནས་ཇེ་མགྱོགས་སུ་བཏང་།མ་གཞི་ནས་གུ་དོག་ཅིང་འབར་འབུར་མི་སྙོམས་ལ་གཡང་གཟར་གྲོག་རོང་ཅུང་མང་བའི་ལམ་བུ་དེ་ལ་ཁ་ལོ་བས་མྱུར་ཚད་དལ་ཞིང་བློ་རྩེ་གཅིག་སྒྲིམ་གྱིས་རླངས་འཁོར་གཏོང་དགོས་རྒྱུ་མ་མཐའི་ཆ་རྐྱེན་ཞིག་ཡིན་ཡང་ཁོས་དེ་ལས་ལྡོག་སྟེ་རླངས་འཁོར་མྱུར་ཚད་གང་ཡོད་ཀྱིས་གཏོང་ལ་ལག་ཏུའང་དུ་བ་ཞིག་བཟུང་འདུག།དེ་ནི་ཁོང་གཉིས་ཀྱི་རྩ་ཆེའི་ཚེ་སྲོག་ལ་རྩེད་མོ་རྩེ་བ་དང་གཉིས་སུ་མེད་ཀྱང་ཁོང་གཉིས་ནི་ཉི་མ་ལྷ་ས་གང་འདྲ་ཞིག་ཡོད་མིན་གྱི་སྟོང་བསམ་གྱི་བར་སྣང་དུ་འཕུར་ནས་རང་ཉིད་ཀྱི་ཚེ་སྲོག་ལ་འཇིགས་ཉེན་འཕྲད་པའང་ཚོར་མི་འདུག། གློ་བུར་དུ་མདུན་ཕྱོགས་ནས་དུང་སྒྲ་རིང་པོ་ཞིག་བུད་པ་ཐོས་པས་སྟོང་བསམ་ལས་སད་ནས་མིག་མདུན་ཕྱོགས་སུ་བལྟ་སྐབས་ཡོད་ཚད་ཕྱིས་ཟིན་འདུག།རླངས་འཁོར་ནི་གཡག་སྨྱོན་པ་ཞིག་ལྟར་ཕར་རྒྱུགས་ཚུར་རྒྱུགས་འགའ་ཞིག་བྱས་རྗེས་གཏིང་མཐའ་མི་མངོན་པའི་བྲག་རོང་དང་མཚུངས་པའི་མྱང་ཆུ་གཙང་པོའི་སྟེང་མཆོངས་ནས་སྐད་སྒྲ་དྲག་པོ་ཞིག་དང་ལྷན་དུ་ཝུ་བ་འཕྱུར་འཕྱུར་ངང་ཆུ་གཏིང་དུ་བྱིངས་སོང་།
  ཡུལ་ན་ཨ་མ་བསམ་སྐྱིད་ནི་ནང་ལས་རྣམས་བྱས་ཟིན་རྗེས་དུས་རྒྱུན་བཞིན་གཡག་ཀོ་ལས་གྲུབ་པའི་གདན་སྟེང་དུ་མ་བསྡད་པར་ཉལ་བའི་སྟ་གོན་བྱ་བཞིན་ཁོང་གཉིས་ལྷ་སར་སླེབས་ཡོད་མིན་ལ་ཚོད་དཔག་སྣ་ཚོགས་བྱེད་བཞིན་གཉིད་དུ་ཡུར་སོང་རྨི་ལམ་ནང་ཨ་མ་བསམ་སྐྱིད་ཡང་ལྷ་སར་སླེབས་འདུག་ཅིང་ལྷ་སའི་གཙུག་ལག་ཁང་གིས་གཙོས་པའི་སེར་འབྲས་དགའ་གསུམ་ལ་མཇལ་ཁ་ཞུ་བཞིན་འདུག་ཞོགས་པ་ཨ་མ་གཉིད་ལས་སད་སྐབས་ལུས་ལྷ་སར་སླེབས་མེད་ཀྱང་སེམས་པ་མེ་ལྕེ་དྲག་ཏུ་འབར་བའི་ལྕགས་ཐབ་ཞིག་ལ་བསྲོས་པ་ལྟར་ཚ་ལམ་ལམ་དུ་གྱུར་འདུག་དེ་ཡང་རེད་དེ་ཕ་ཚེ་རིང་གིས་སྔར་ནས་ཨ་མ་ལྷ་སར་འཁྲིད་རྒྱུའི་ཁ་ཆད་ཡོད་པས་གཅིག་ནས་ཕ་ནི་ཁ་དན་ཚིག་ལ་གནས་པའི་ཕོ་རྒོད་ཅིག་ཡིན་ལ་གཉིས་ནས་དགོན་པར་འགྲོ་རྒྱུ་ཁ་ནས་བཤད་དེ་ལག་ལེན་མ་བསྟར་ན་ཁ་སྡིག་བསགས་པའི་སྡིག་ཉེས་ཡོད་པས་ལྷ་སར་འགྲོ་རྒྱུ་དུས་ཚོད་ཀྱི་སྔ་ཕྱི་ཞིག་ཡིན་པས་མོ་དགའ་བའང་དོན་ལ་གནས་པ་ཞིག་ཡིན།དགའ་སྤྲོ་དེའི་ཤུགས་ལས་ཨ་མ་བསམ་སྐྱིད་ལ་དུས་རྒྱུན་དང་མི་འདྲ་བའི་སྟོབས་ཤུགས་སྐྱེས་ནས་མིག་ཡུད་ཙམ་ལ་ཆུ་ལེན་པ་དང་མེ་གཏོང་བ།ཕྱུགས་ལ་རྩྭ་སྦྱིན་པ་སོགས་ཀྱི་ལས་ཀ་ཙག་ཙིག་རྣམས་འཁྱུག་ཙང་ཞིག་ལ་ལས་ཟིན་ནས་ཕ་བུ་གཉིས་ག་རེ་བྱེད་ཡོད་མིན་བསམ་བློ་ཞིག་བཏང་བསམ་པའི་མུ་ལ་གྲོང་དཔོན་སྐལ་བཟང་བྲེལ་འཚུབ་འཚུབ་ཀྱིས་ཁྱིམ་དུ་འཛུལ་བྱུང་།མོས་ལམ་སེང་གདན་ལས་ཡར་ལངས་ཏེ་ཆ་སྒམ་ནས་དཀར་ཡོལ་བླངས་ཏེ་ཇ་བླུགས་རྩིས་བྱེད་སྐབས་གྲོང་དཔོན་གྱིས་རང་སེམས་པ་བཞག་ཤེས་པ་དགོས་ཟེར་མགོ་མཇུག་མེད་པའི་སྐད་ཆ་དེས་མོ་ཅུང་ཙམ་མིན་ན་བགད་མོ་ཤོར་སོང་མོས་དཀར་ཡོལ་ལེན་གྱིན་གྲོང་དཔོན་ལ་ཁོང་གཉིས་ལྷ་སར་སོང་བར་ང་སེམས་པ་བཞག་མཁས་པོ་བྱ་དོན་ག་ལ་ཡོད་མ་གཞི་ནས་པ་ཕས་ང་ཡང་མགྱོགས་པོ་ལྷ་སར་འཁྲིད་རྒྱུ་རེད་ཟེར་བས་གྲོང་དཔོན་གྱིས་ཁོང་གཉིས་གནས་ཚུལ་ལྷག་ནས་མེད་པ་བྱས་འདུག་ཞེས་ངུ་ངག་གིས་བཤད་སྐད་ཆ་དེ་ནི་འབར་གས་ཞིག་དང་འདྲ་བར་མོའི་མགོ་བོའི་ནང་གས་པས་མོ་དེ་མུར་ས་ལ་འགྱེལ་སོང་གྲོང་དཔོན་ནི་ག་བྱེད་འདི་བྱེད་མི་ཤེས་པར་མགྱོགས་པོ་མི་ཤོག་དང་མི་ཤོག་ཟེར་ཁྱིམ་ མཚེས་ཚོས་སྐད་སྒྲ་ཐོས་པ་དང་ལམ་སེང་རྒྱུགས་ཡོང་བས་གྲོང་དཔོན་གྱིས་དྲན་མེད་དུ་ བརྒྱལ་བའི་མོ་ལ་བལྟ་བཞིན་གནས་ཚུལ་ཚང་མ་གསལ་པོར་བརྗོད་པས་མིག་ཆུ་མི་ཤོར་བ་གཅིག་ཀྱང་མི་འདུག་ཚང་མས་ཧ་རུབ་སྦར་རུབ་ཀྱིས་མོ་ས་སྟེང་ནས་ཡར་གདན་ཁྲིའི་སྟེང་བསྐྱལ་ཏེ་ཆུ་བསིལ་གཏོར་བས་མོ་ད་གཟོད་དྲན་པ་གསོས་བྱུང་མོས་མཐའ་འཁོར་དུ་ཡོད་པའི་མི་རྣམས་ལ་བལྟ་བཞིན་ང་ཚོའི་ཁྱིམ་གྱིས་ད་བར་ལས་ངན་པ་གང་ཡང་བསགས་མེད་པར་རྐྱེན་ངན་འདི་ལྟ་བུ་ལྷག་དོན་ཅི་ཡིན་ཟེར་སྐད་ཆ་དྲང་མོར་བཤད་པས་ཚང་མ་ཕར་ཚུར་མིག་ཧྲིག་ཧྲིག་ཏུ་འདུག་རྒྱུ་ལས་འདི་ཡིན་གྱི་གཏམ་ཞིག་བཤད་མི་ཤེས་པའི་སྐབས་དེར་ཕྲུ་གུ་ཆུང་ཆུང་ཞིག་གིས་རིན་པོ་ཆེར་ཐུགས་ཐག་ཞུས་ན་ཟེར་བས་མི་ཚང་མ་ཡང་ཧོབ་དེ་གཉིས་ལས་སད་པ་ལྟར་རེད་རེད་ཐུགས་ཐག་ཞུས་ཟེར།
  གྲོང་ཚོ་དང་བར་ཐག་ཅུང་རིང་བའི་དགོན་པ་ཆུང་ངུ་དེར་མཁན་པོ་གཅིག་དང་གྲྭ་པ་གཉིས་ལས་མེད་ཅིང་དགོན་པ་དེ་བསྐྲུན་ནས་རིང་པོ་ཕྱིན་མེད་པ་དང་དགོན་པའི་རྟེན་གཙོ་ཡང་རྙིང་པ་མིན་པའི་སྟབས་ཀྱིས་དགོན་པ་དེར་དུས་རྒྱུན་ཆོས་མཇལ་ཡོང་མི་ཤིན་ཏུ་དཀོན་པས་དེ་རིང་མཁན་པོའི་བཞིན་ལའང་འཛུམ་མདངས་ཤིག་རྒྱས་འདུག།ཨ་མ་བསམ་སྐྱིད་ལ་རོགས་པ་བྱས་ནས་ཐུགས་ཐག་ཞུ་བར་ཡོང་བའི་མི་རྣམས་ཀྱིས་མཁན་པོའི་མདུན་དུ་པུས་མོའི་སླ་ང་སར་འཛུགས་ནས་མིག་ཆུ་བར་མེད་དུ་ལྷུང་བཞིན་ཡོང་དོན་ཞིབ་པར་ཞུས་པས་མཁན་པོས་བསམ་གཞིགས་ཕྲན་བུ་ཙམ་ཡང་མ་བྱས་པར་ལས་རེད་ཟེར།གློ་བུར་གྱི་སྐད་ཆ་དེས་མི་ཚང་མ་ཅུང་ཙམ་ཧད་སོང་མ་གཞི་ལས་ཞེས་པ་ཡོད་པ་བདེན་མོད་ཡིན་ནའང་ཁྱིམ་ཚང་བཟང་པོ་དེ་འདྲ་ཞིག་ལ་ལས་ངན་པ་དེ་འདྲ་བདེན་ནམ་དེ་ནི་ཚང་མའི་སེམས་ན་ཡོད་པའི་དོགས་གཞི་དེ་རེད་མཁན་པོས་ཁོ་ཚོའི་རྣམ་འགྱུར་ལ་བལྟས་ནས་དེ་མུར་གལ་ཏེ་ངས་ལས་རེད་ཟེར་ན་ཁྱེད་རང་ཚོའང་ཡིད་ག་ལ་ཆེ་དེ་ཁྱེད་རང་ཚོ་ལའང་ཁག་མེད་དེ་ཕྱིའི་སྣང་ཚུལ་གིས་སེམས་བསླུས་པས་ནང་སྙིང་མ་རྟོགས་པ་རེད།འོ་ན་ལས་དང་སྡིག་པ་རང་འཁུར་ཡིན་པ་ཁྱེད་ཚོས་མི་རྟོགས་སམ།ཚེ་འདི་ལ་བྱ་བ་བཟང་པོ་གང་འདྲ་ཞིག་ལས་རུང་ཚེ་སྔོན་མར་སྡིག་ཉེས་བསགས་མང་ན་ཉེས་བྱས་རྣམ་སྨིན་མྱོང་མི་དགོས་སམ།ཁྱེད་ཚོ་དཀོན་མཆོག་ལའང་ཡིད་མ་ཆེས་སམ།བསྐལ་པ་སྙིགས་མར་གནས་ཤིང་དྲི་མས་ཡོངས་སུ་སྦགས་པའི་སེམས་ཅན་འདི་དག་དངོས་གནས་རྙིང་རེ་རྗེ་ཟེར་སྐད་ཆ་དེ་དག་ནི་མུན་པའི་ཁྲོད་དུ་སྒྲོན་མེ་སྤར་བ་བཞིན་ཚང་མའི་སེམས་ནང་དུ་གསལ་ལྷང་ངེར་འཕྲོས་སོང་མཚམས་དེར་མཁན་པོས་ཁོང་ཚོའི་དད་པས་ཕྱུག་པའི་ངོ་གདོང་ལ་བལྟ་བཞིན་ཁྱེད་ཚོས་ཨ་མ་བསམ་སྐྱིད་ཀྱི་རོགས་པ་བྱས་ནས་གཤིན་པོའི་འདས་འཇུག་ལེགས་པོ་བསྒྲུབ་ལ་ཨ་མ་ལའང་རྒྱུན་དུ་མ་ཎི་མང་ཙམ་འདོན་ཞེས་བརྗོད།ངས་ཀྱང་གང་ཐུབ་ཀྱིས་གཤིན་པོ་ཡར་འདྲེན་བྱེད་ཨེ་ཐུབ་བལྟ་ཟེར་ཁོང་ཚོ་ནི་རྒྱུན་དུ་དགོན་གསར་ལ་བྱིན་རླབས་མེད་བསམ་ནས་ས་ཐག་རིང་པོ་གང་འདྲ་ཞིག་ལ་འགྲོ་དགོས་ཀྱང་དགོན་པ་དེར་མི་ཡོང་བ་དྲན་ནས་གལ་ཏེ་ད་ཐེངས་གནས་ཚུལ་ཛ་དྲག་པོ་དེ་མ་འཕྲད་ན་སངས་རྒྱས་མངོན་སུམ་མདུན་ལ་ཡོད་ཀྱང་ཤེས་རྒྱུ་མ་རེད་བསམ་ནས་ལགས་སོ་དང་ལགས་སོ་ཞེས་ཕྱག་འཚལ་གྱིན་ཕྱི་རུ་ཐོན་སོང།
  དགོན་པ་ཐོན་མ་ཐག་ཁོ་ཚོའི་ཁྲོད་ལས་ཁ་བདེ་དེས་རང་ཉིད་སྔ་ས་ནས་ཤེས་ཟིན་པའི་བཟོ་ལྟ་ཞིག་བསྟན་ནས་བྱས་ཙང་མི་དངོས་གནས་བཟང་པོ་ཞིག་ཡིན་ན་ནམ་མཁའི་དཀོན་མཆོག་གིས་སྐྱབས་རོགས་དཔུང་རོགས་མི་བྱེད་པ་ག་ལ་སྲིད་ཞེས་དད་པ་ཆེན་པོས་ནམ་མཁར་བལྟས་ཀྱང་ནམ་མཁའི་སྟེང་ན་གཡོར་གྲུ་དང་མཚུངས་པའི་སྤྲིན་དཀར་འགའ་དང་གསེར་འོད་འཕྲོ་བའི་ཉི་མ་ལས་མཐོང་རྒྱུ་མི་འདུག།དེ་མ་ཐག་གཅིག་གིས་ལས་དང་རྒྱུ་འབྲས་ལ་བསླུ་བ་མེད་ཅེས་པ་དངོས་གནས་རེད་ཨང་ཟེར་བར་གཅིག་གིས་གད་མོ་ཧ་ཧ་ཞེས་བགོད་ནས་ད་དུང་ང་ཚོས་མིག་ཆུ་བཏང་ཟེར་བས་ཚང་མ་དུས་གཅིག་ཏུ་ཧ་ཧ་ཞེས་བགད་མོ་ཤོར་སོང་ལ་བགད་མོ་དེའི་ཤུགས་ཀྱིས་དགུང་གསེང་བརྟོལ་ནས་ཉི་མའང་འཁྲུག་འཁྲུག་ཏུ་འདར་སོང།
གློ་བུར་དུ་ནམ་མཁའ་ནས་གློག་དམར་ཞིག་འཁྱུག་པ་དང་སྦྲགས་རྣ་བའང་འོན་པར་སྙམ་པའི་འབྲུག་སྒྲ་ཞིག་གྲགས་སོང།དེ་མ་ཐག་དྲག་ཆར་བབས་འགོ་ཚུགས་པས་སེམས་མེད་ཀྱི་སྤྲིན་པ་དེ་ཡང་དངོས་གནས་ནུས་མཐུ་གང་རུང་ཞིག་ཡོད་ནས་སུ་ཞིག་ལ་འཁང་ར་དང་སུ་ཞིག་ལ་མྱ་ངན་ཞུ་བ་དང་གཏན་ནས་མཚུངས་སོ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལས་དབང་།

2013-05-29 བདེ་ཁང་བྱམས་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།