ཆད་པ་བཅད་པ།

   རླངས་འཁོར་འབབ་ཚུགས་ཆུང་ཆུང་འདི་ནི་གྲོང་ཁྱེར་དརྗས་སུ་གནས་ཡོད། ནམ་རྒྱུན། སྔ་དྲོ་ནམ་ལངས་པ་ནས་དགོང་དྲོ་ས་མ་རུབ་བར། ས་ཕྱོགས་ཁག་གི་འགྲུལ་པ་མང་བས་བྲེལ་ཟིང་གི་རྣམ་་པས་ཁེངས་འདུག
   འགྲིམ་འགྲུལ་ཉེན་རྟོག་པ་དེས་ཁ་ལོ་བར་ཅི་ཞིག་བཤད་ཀྱི་་་་་་  འདུག
  “ཁྱེད་ཀྱི་ཁ་ལོ་བའི་པ་སེ་དང་འགྲུལ་པ་དབོར་ཆོག་པའི་ངོ་སྤྲོད་སྟོན་དང་།”ཞེས་འགྲིམ་འགྲུལ་ཉེན་རྟོག་པ་དེས་ནན་ཏན་གྱིས་དྲིས།
 “ཁྱེད་འདིར་གསར་པ་སླེབས་པ་ཡིན་ནམ།  ང་ནམ་རྒྱུན་ནས་འདིའི་རྒྱུད་ལ་འགྲུལ་པ་ཡར་སྐྱེལ་མར་འབེབ་བྱེད་ཀྱི་ཡོད་”ཅེས་ཁ་ལོ་བ་དེས་སྣང་དོགས་མེད་པའི་སྒོ་ནས་ཕར་དྲིས།
 “ང་གསར་པ་སླེབ་མིན་འབྲེལ་བ་མིན་འདུག། ཁྱེད་ཀྱིས་ཁྲིམས་ལྟར་འགྲིམ་འགྲུལ་དབོར་གྱི་ཡོད་ན་འགྲོ་ལུགས་གཉེར་ཡོད་དམ།”
   ཁ་ལོ་བ་དེས་མ་ཉེས་ཁ་གཡོགས་བྱས་པ་ལྟ་བུའི་རྣམ་འགྱུར་བསྟན་ནས།“ཁྱེད་ཀྱིས་མ་ཤེས་པ་རེད་དམ་།འདིའི་ཁུལ་དུ་འབྲེལ་་བ་བཙུགས་ནས་འགྲོ་ལུགས་གཉེར་མཁན་ཡོད། ངས་འབྲེལ་བ་བཙུགས་ནས་འགྲོ་ལུགས་གཉེར་མེད། རླངས་འཁོར་འདི་ནི་གང་་་་  ལྟར་ངས་ཉོས་པ་ལས་བརྐུས་པ་མིན། ཁ་ལོ་བའི་པ་སེ་ག་དུས་ཉོས་་་ ཉོས་རེད།  གཙོ་བོ་འབྲེལ་བ་བཙུགས་ཚར།”
  “ཁྱེད་ཀྱི་བཤད་པའི་འབྲེལ་བ་ཟེར་བ་དེ་གང་རེད།”ཅེས་ཡ་་་  མཚན་གྱི་དྲིས།
  “ངས་ཁྱེད་ལ་འབྲེལ་བ་ཟེར་བ་དེ་བསྟན་ཆོག། ཁྱོད་སྒུག་ཨང་།”ཅེས་བཤད་རྗེས་ལག་ཐོགས་ཁ་པར་བཏོན་ནས་མི་ཞིག་ལ་སྐད་ཆ་་ཤབ་ཤུབ་དུ་སྨྲས།
   སྐབས་དེར་མཐའ་འཁོར་དུ་ཡོད་པའི་མི་རྣམས་ཚ་གདུག་འདིའི་རྗེས་སུ་་ལྕང་མའི་བསིལ་གྲིབ་ཪྙེད་པ་ལྟར་འཁོར་བྱུང་།
   དེ་མ་ཐག། འགྲིམ་འགྲུལ་ཉེན་རྟོག་པའི་འཇིབ་ཆུང་ཞིག་ཁ་བཀག་བྱུང་། དེ་ལས་སྐུ་ཤ་མཆོར་ལ་གདོང་མདོག་སྨུག་པོར་གྱུར་བ་མདོག་འགྱུར་ཤེལ་མིག་ནག་པོ་བཞེས་པ་ཞིག་མར་ཐོན་བྱུང་།   ཉེན་རྟོག་པ་དེས་ཞིབ་པར་བལྟ་དུས་དེ་ནི་ཁོའི་མགོ་ཁྲིད་ཀྱི་མགོ་་་ ཁྲིད་རེད་འདུག།
   འགོ་ཁྲིད་དེས་ཁོ་གཉིས་ལ་ཁ་གཏད་ནས་མི་ཚོགས་ཡོད་སར། “འགྲིམ་འགྲུལ་སློབ་སྦྱོང་བྱེད་མྱོང་མེད་དམ།  འགྲིམ་འགྲུལ་སྒྲིག་སྲོལ་བརྩི་སྲུང་བྱེད་རྒྱུ་ནི་ང་ཚོ་ཚང་མའི་འོས་འགན་རེད། ང་ཚོས་མང་ཚོགས་ལ་སྟབས་བདེའི་འགྲིམ་འགྲུལ་མཁོ་འདོན་བྱེད་ཕྱིར་བརྟག་དཔྱད་བྱས་ཏེ་ཆད་པ་ནན་པོ་གཅོད་ཀྱི་ཡིན།  ད་ལྟ་སོ་སོར་སོང་ལ་སང་ཉིན་ཆད་པ་སྒུག་སྡོད།”ཅེས་བཤད་སོང་བས་་་་་་     མཐའ་འཁོར་གྱི་མི་ཚོས་མོས་པའི་མགོ་བོ་ལྡེམ་ལྡེམ་བྱེད་ཅིང་སོང་།
   སང་ཉིན་གྱི་ཉིན་མོར་འགྲིམ་འགྲུལ་ཉེན་རྟོག་པ་དེ་མཐོང་སར་མི་འདུག།  ཁ་ལོ་བ་དེས་མུ་མཐུད་གྲོང་ཁྱེར་འགྲིམ་འགྲུལ་གྱི་ཆེད་དུ་ལེགས་སྐྱེས་འབུལ་གྱིན་འདུག                            
             
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆད་པ་བཅད་པ།

2013-05-23 དྲང་སྲོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།