དུར་ཁྲོད་ཀྱི་ཁ་བ།

                                                               ༡ ༽

མི་རྐྱང་དེས། གྲོང་ཁྱེར་ག་གེ་མོ་ཞིག་གི་སྒེའུ་ཁུང་དོག་པོ་དེ་ནས་མགོ་བོ་ཕྱི་རུ་བསྲིངས་ཏེ། མདང་དགོང་གི་རྨི་ལམ་དེ་དང་འབྲེལ་མ་འབྲེལ་ཅི་རིག་གིས་བསམ་བློ་མང་པོ་གཏོང་གིན་འདུག

ཁོས་བསམ་པར།  རང་ཉིད་ལ་ལོགས་སུ་གྲིབ་མ་ཟེར་བ་ཞིག་མི་འདུག་པས་རང་ནི་གཞན་སུ་ཞིག་གི་གྲིབ་མ་ཡིན་ནམ་སྙམ། བསམ་བློ་བཏང་གིན་བཏང་གིན་རང་ཉིད་ནི་གཉིད་བཞིན་པའི་མི་ཞིག་གི་འཁྲུལ་སྣང་ཡིན་པ་དང་འདྲ་ཞིང་། རང་གིས་མྱངས་པའི་དགའ་སྡུག་གི་འཚོ་བ་ཇི་སྙེད་ཀུན་ཀྱང་མི་དེའི་སད་ཟིན་པའི་སྐབས་ཀྱི་ཕྱིར་དྲན་མག་མོག་ཅིག་ལས་གཞན་གང་ཡང་མིན་པ་དང་འདྲ་བ་ལ་ཨང་སྙམ།

ཁོས་བསམ་བློ་བཏང་གིན་ཁོང་དགོད་ལྷུག་ལྷུག་ཏུ་ཤོར། དགོད་སྒྲ་དེ་ནི་མི་རྣམས་ཡི་ཆད་དང་ཅི་བྱ་གཏོལ་མེད་ཀྱི་སྐབས་སུ་འོང་བའི་རོལ་དབྱངས་བཙད་པོ་ཞིག་རེད། རོལ་དབྱངས་དེ་འདྲ་ནི་གྲོང་ཁྱེར་འདི་ནས་ནམ་རྒྱུན་མཐོང་ཐོས་འབྱུང་ཐུབ་པའི་རོལ་དབྱངས་ཤིག་ཀྱང་རེད།

རོལ་དབྱངས་དེ་གྲགས་པ་དང་། སྐབས་དེར་བྱིའུ་ཞིག་མདུན་གྱི་སྡོང་སྐམ་དེའི་གསེང་ནས་འཕུར་ཏེ་སྡོང་སྐམ་གྱི་ལྕུག་ཕྲན་དག་ཀྱང་ཧྲག་ཧྲག་གིས་སྒུལ་བྱུང་།

                                                                 ༢ ༽

ཕྱི་ཉིན་གྱི་གསར་འགྱུར་དྲྭ་ངོས་དག་ཏུ། “ཁ་སང་ཕྱི་དྲོའི་དུས་ཚོད་དྲུག་པ་ཡར་མར་ནས་ན་གཞོན་ཅིག་ཅིག་ཟེར་བ་ཞིག་གྲོང་ཁྱེར་ག་གེ་མོའི་ཐོག་ཁང་དྲུག་པ་ནས་མཆོངས་ཏེ་རང་ཤི་བརྒྱབ་འདུག”ཅེས་སྤེལ་འདུག་ལ་ཁོའི་འདྲ་པར་ཞིག་ཀྱང་རྣམས་ཤེས་འཁྱམས་པ་ལྟར་ཡར་སྐུར་མར་སྐུར་བྱེད་ཀྱིན་གདའ།

མི་རྣམས་ཀྱི་བཤད་ཕྱོགས་ལྟར་ན། ཁོ་ནི་དབུས་ཕྱོགས་ནས་རེད་ལ་དགེ་རྒན་ཞིག་ཀྱང་ཡིན་རབས་ཟེར། ཡང་འགའ་རེས། ཁོ་ནི་ཆབ་མདོའི་ཕྱོགས་ཀྱི་མི་ཞིག་ཡིན་པ་དང་ལོ་མང་པོར་འཁྱམས་མྱུལ་གྱི་འཚོ་བ་རོལ་ནས་ཡོང་བ་ཞིག་ཡིན་རབས་ཀྱང་ཟེར། ཡང་དེ་ལས་གཞན་ཞིག་ན་རེ། “བླ་མ་མཁྱེན། ཁོང་ཚང་རྔ་བ་ནས་རེད། ལོ་གསུམ་གྱི་གོང་ནུབ་བྱང་ནས་སློབ་བྱོལ་བྱས་ཏེ་ས་འདིར་འཁྱམས་འོངས་ཤིང་། ཁོར་མཛའ་མོས་མགོ་སྐོར་ཐེབས་པ་རེད། ཁོང་ཚང་གི་རྩོམ་རྩལ་བཟང་ཡ”ཞེས་ཟེར་གྱིན་འདུག གང་ལྟར་དྲྭ་ཐོག་ནས་ཁོའི་སྐོར་གྱི་དོན་དག་རྣམས་ཡར་བཤད་མར་བཤད་བརྒྱ་བྱས་ཏེ་གར་ཉན་འདིར་ཉན་གྱི་ཆ་མི་ཆོད་པ་ཞིག་བྱས་སོང་།

ངའི་འཕྲིན་ཕྲན་དང་པོད་ཕྲན་གྱི་ཐོག་ནས་དོན་དག་དེ་བསྐྱར་སྤེལ་འགའ་རེ་བྱས་པ་ལས། ང་རང་གྲོང་ཁྱེར་འདིར་འོངས་པ་ནས་འདི་ལྟ་བུའི་དོན་དག་མང་པོ་ཞིག་གོ་ལོབས་སུ་སོང་བའི་རྐྱེན་གྱིས་དོ་སྣང་ཆེར་མ་བྱས། འོན་ཀྱང་ནམ་རྒྱུན་འཕྲིན་གཏོང་དཀའ་བའིགྲོགས་པོ་མང་པོ་ཞིག་གིས་ཀྱང་བདག་ལ་ཁ་པར་བཏང་སྟེ།

“ཝེ། མཁས་པ་ཅིག་ཅིག སྙན་ངག་པ་མིག་མིག་གིས་ཀྱང་འདས་པོ་དེར་རྩོམ་འདི་དང་དེ་འདྲ་བ་བྲིས་འདུག མི་དེ་ངོ་མ་རླབས་ཆེན་ཞིག་ཡིན་ཚོད་ལ། ཁོ་ཤི་བ་ནི་དེ་ལས་ཀྱང་རླབས་ཆེན་དུ་གྱུར་པ་མཚོན་འདུག ད་དུང་་་་་་”སོགས། འདིའི་སྐོར་ནས་དོན་དག་འདྲ་མིན་སྣ་ཚོགས་ཤིག་བདག་གི་རྣ་བར་ཆར་དབབ་དབབ་བྱས་བྱུང་།

“ཁྱེད་ཚོ་ཁོམ་འདུག་པས་མི་ཚད་སུན་རྒྱུ་ཞིག་ཀྱང་མི་འདུག་ཨང་། གྲོང་ཁྱེར་འདི་ན་དེ་ལྟ་བུའི་དོན་དག་ཅི་འདྲའི་མི་མང་། རླངས་འཁོར་གྱིས་བརྡུངས་པ། མེས་ཚིག་པ། རྐུམ་མས་བསད་པ། ཆུ་རུ་མཆོངས་པ། མེར་བསྲེགས་བཏང་བ། མི་དེ་དག་གི་མིང་ཁོ་ན་བསྡུས་ནའང་པོད་གྲངས་མང་པོ་ཡོད་ངེས། ཁྱོད་ཚོ་མ་སུན་ནའང་ང་སུན་གྱིན་འདུག བདེ་མོ།”

ངས་ནི་རང་དང་འགྲིས་ཅུང་ཆེ་བའི་གྲོགས་པོ་ཞིག་ལའང་འདི་ལྟར་གཤེ་གཤེ་བྱས་ཤིང་། མི་རྐྱང་དེའི་དོན་དག་སྔར་ཁ་པར་གྱི་དྲྭ་ངོས་སུ་སྦྱར་བ་མཐའ་དག་གཙང་སེལ་ཐེངས་ཤིག་བྱས་ཤིང་དེའི་ཚབ་ཏུ། གྲོང་ཁྱེར་འདི་ནི་དུར་ཁྲོད་ཅིག་དང་འདྲ་པོ་འདུག་ལ་འཚོ་བ་ཡང་དེ་བཞིན་རེད། ཅེས་བཀལ་ཏེ་ཁ་པར་གྱི་གློག་སྒོ་བརྒྱབ་པ་དང་། ད་ནི་ལྷོད་ལྷོད་ཅིག་བྱས་ནས་འདུག་དགོས་བསམ་དུས། གློ་བུར་དུ། ཡང་བདག་གི་གྲོགས་པོ་དྲྭ་མིང་སྤྲིན་ནག་ཏུ་འབོད་པ་ཁོ་འཛུམ་དམུལ་གྱིས། ལྟག་རྒྱབ་ནས་རླུུང་བུ་ཞིག་གིས་བཙན་གྱིས་དེད་པ་ལྟར་ངའི་སྡོད་ཁང་ཐབས་ཆག་འདིར་འཁྲིགས་བྱུང་།

“བདེ་མོ་ཨེ་ཡིན།”

“ཡིན་ཡིན། སྡོད་དང་།”

“ངས་སྒྲུང་ཞིག་འབྲི་ཁུལ་བྱས་ཏེ་ད་གཞི་ནས་ཚར་སོང་། ཁྱོད་ཀྱིས་ལན་གཅིག་བལྟས་ན་ཆོག་གམ། ང་རེ་བ་འདི་ཞུ་རུ་ཡོང་བ་ཡིན།”

“ལོས་ཆོག དེ་ཅི་ལ་མི་ཆོག་ཨང་།”

དོན་ངོ་མར་མོས་པོ་རང་མ་བྱུང་མོད། ངས་སྒྲུང་གཏམ་རེ་འགའ་བོད་ཀྱི་གྲགས་ཆེ་བའི་དུས་དེབ་འགའ་རེར་བཀོད་པ་ནས། ང་ཡང་སྔོན་ཆད་དང་མི་འདྲ་བར་ཅུང་ཟད་གྲགས་པ་རྒྱས་བཞིན་པའི་སྒང་ཡིན་པ་དང་། དེའི་དབང་གིས་ཁོ་ཚོས་ཀྱང་བདག་ནི་བརྩམས་སྒྲུང་མཁན་པོ་ཞིག་གི་ཚད་དུ་བཞག་སྟེ་ནམ་རྒྱུན་བདག་ལ་བློ་འདྲི་གྲོས་བསྡུར་བྱེད་དུ་འོང་གིན་ཡོད་པས། ད་ནི། ལྟ་མི་ཐུབ་དང་མི་ཤེས་སོགས་སྨྲས་ན་རྒོབ་རྒྱག་པ་འདྲ་བ་ལས་ཅི་ཡང་མི་ཡོང་། དེ་བས་ད་ནི་ཁས་མ་བླངས་རང་བླངས་རེད།

“ཡ་དེས་ན་ད་ལྟ་བལྟའམ།”

ཁོ་ལ་ཅུང་བྲེལ་སྣང་གིས་ཁེངས་འདུག

“རེད། ཡ། གང་ན། ཅི་འདྲ་ཞིག་བྲིས་ཡོད།”

“འདི་རེད། ཧེ་ཧེ། འདི་ངས་བྲིས་པ་དག་ལས་ཅུང་བཟང་ཤོས་དེ་ཡིན་མདོག་ཡིན།”

ཁོས་ང་ལ་གནོང་པའི་ཉམས་དང་བཅས་རྩེད་མོ་དེ་འདྲ་ཞིག་ཟློ་བཞིན་ཤོག་སླེ་འགའ་རེ་ཡོད་པའི་འབྲི་ཤོག་ནག་རིག་རིག་ཅིག་ཚུར་བསྲིངས་བྱུང་།

“རེད་ཡ། ཡང་ཁྱོད་ཀྱིས་ཁ་བྱང་བྲིས་མི་འདུག་ཨང་།”

“ཨོ་ལེ། ད་དུང་ངས་ཁྱོད་ལ་རྩོམ་འདིར་ཁ་བྱང་ཞིག་ཀྱང་འདོགས་རོགས་ཞུ་དགོས།”

 ཁོ་ལ་མཛའ་མོ་དང་གྲོགས་པོ་ཟེར་བ་ཞིག་ཡོད་མ་མྱོང་། རྟག་པར་དུར་འདབས་ཀྱི་ཁང་ཧྲུལ་དེ་ནས་མི་ཚེ་ཟེར་བའི་སྐུད་པ་རིང་པོ་ཞིག་སྒྲིམ་བཞིན་བསྡད་ཡོད། ད་ནི་སྐུད་པ་དག་ཀྱང་གྲུ་གུར་བསྒྲིལ་ཏེ་ཁང་ཧྲུལ་ཆུང་ངུ་དེའི་ཕྱེད་ཀ་འགེངས་ལ་ཉེ།

“ཝེ། དཀོན་རྡོ། ད་ཁྱོད་ཀྱིས་གྲུ་གུ་འདི་འདྲའི་མང་པོ་ཞིག་གིས་ཅི་ཞིག་འཐག་ཆས་ཡིན། ད་རུང་མི་འདངས་སམ།”

ཡར་འགྲོ་མར་འགྲོའི་མི་ཚོས་དྲི་བ་འདི་ཐེངས་མང་པོར་ཁོ་ལ་དྲིས་ཀྱང་། ཁོས་དགོད་འཛུམ་འཛུམ་ཙམ་བྱེད་པ་ལས་སུ་ལའང་ལན་གཅིག་ཀྱང་མ་བྱིན། ཁོས་བསམ་པར། ལན་བཏབ་ནའང་སུས་ཀྱང་གོ་མི་སྲིད་པས་བཏབ་དང་མ་བཏབ་གཅིག་པ་རེད་སྙམ་བཞིན་ཡོད།

མི་ཚོས་བཤད་ན། དཀོན་རྡོའི་ཨ་མ་ནི་ཐག་ལ་མཁས་པའི་བུད་མེད་ཅིག་ཡིན་རབས་ཟེར། འོན་ཀྱང་དཀོན་རྡོ་བཙས་ནས་ཉིན་མང་པོ་མ་འགོར་བར་དཀོན་རྡོའི་ཨ་མ་ཚེ་ལས་འདས་སོང་། སྐབས་དེར་ས་དེ་ན་གཅོད་པ་ཐབས་སྡུག་ཅིག་ཡོད་པ་དེས་ཁོ་རང་གསོས་ནས་སྐྱེད་འཚར་འབྱུང་དུ་བཅུག གཅོད་པ་ནི་ལ་ལུང་འདིའི་མི་དབུལ་ཤོས་ཀྱི་གྲས་སུ་གཏོགས་ཀྱང་། གཅོད་པའི་བརྩེ་བ་ནི་ལང་ལུང་འདིའི་མི་རྣམས་ཀྱི་ནང་ནས་ཅུང་མི་འདྲ་བ་ཞིག་ཡིན་པ་ད་གདོད་མི་རྣམས་ཀྱིས་ཤེས་པར་གྱུར། མདོར་ན། དཀོན་རྡོ་ནི་མི་ཡུལ་གྱི་བརྩེ་བ་ཕྲ་མོ་ཞིག་གིས་མུ་མཐུད་གསོན་ཆོག་པའི་དབང་ཆ་བྱིན་པ་དང་། ད་དུང་བརྩེ་བ་དེས་ཁོ་ལ་རང་གི་ཨ་མ་ནི་ཐག་ལ་མཁས་པའི་བུད་མེད་མཛངས་མ་ཞིག་ཡིན་རབས་སོགས་ཀྱི་གཏམ་རྒྱུད་མང་པོ་བཤད་ཅིང་། གཏམ་རྒྱུད་དེ་དག་གི་ཁྲོད་ནས་དཀོན་རྡོ་རིམ་བཞིན་ལང་ཚོ་རྒྱས་པ་དང་གཅོད་པ་ནི་རིམ་བཞིན་རྒ་བར་གྱུར། རྣམ་པ་དེ་ནི། གཅོད་པའི་ལུས་སྟེང་གི་ལང་ཚོ་དང་ཕུག་བསམ་མཐའ་དག་ཆེད་དུ་གཟུགས་མེད་ཀྱི་སེམས་ཅན་ཞིག་གིས་རེ་རེ་བཞིན་དཀོན་རྡོའི་ལུས་སྟེང་དུ་བགོ་བཞིན་པ་དང་འདྲ། ཨོ་རེད། སེམས་ཅན་དེར་དུས་ཚོད་ཟེར་བཞིན་འདུག

“གཅོད་པ། ང་ས་གཞན་ཞིག་ཏུ་འགྲོ་རྒྱུ་ཡིན།”

ཉིན་དུ་མར་ཁ་མ་གྲགས་པའི་དགོང་མོ་ཞིག་ལ་དཀོན་རྡོས་མགོ་བོ་ཅུང་སྨད་དེ་དེ་སྐད་བཤད།

“ཨ། ཅི་ཟེར། འདིས་ཅི་ཟེར་རམ།”

དཀོན་རྡོའི་གློ་བུར་བའི་སྐད་ཆ་དེས་གཅོད་པ་རེ་ཞིག་ལ་ཧང་སངས་ཧོན་ཐོར་དུ་བཏང་སོང་། འོན་ཀྱང་ཁོས་མུ་མཐུད་ནས་ཅི་ཡང་མ་བཤད། དེ་ནི་ཕལ་ཆེར་གནད་དོན་འདིར་གཅོད་པ་འཐད་མེད་པ་ཤེས་པས་ཡིན་སྲིད།

“ཁྱོད་ས་གཞན་ལ་འགྲོ་རྒྱུ་ཡིན་ཨེ། དེས་ན་ཁྱོད་ང་ལ་ཤ་མི་ཚའམ། ལྟོས་དང་ད་ང་འདི་འདྲ་རྒས་འདུག ཁྱོད་བུད་སོང་ན་ང་ལ་ལྟ་སྐྱོང་སུས་བྱེད་དམ།”

གཅོད་པས་ཁོ་ལ་དེ་འདྲའི་རེ་བ་ཆེན་པོ་ཞིག་བརྒྱབ་མེད་མོད། ཁོ་རང་ས་གཞན་དུ་སོང་ན་འདི་ལས་ཀྱང་སྡུག་པོ་ཡོང་བར་བསམ་ནས་དེ་སྐད་བཤད། དེ་ནས་དཀོན་རྡོས་ཅི་ཡང་བཤད་མ་བྱུང་།

“གཅེས་ཕྲུག དཀོན་རྡོ། ཁྱོད་ལ་གཅོད་པས་སེམས་གནོད་སྤྱད་འདྲ་བྱས་སོང་ངམ། དེ་ཡིན་ན་ཤོད་དང་གཅོད་པས་ཁྱོད་ལ་བཤགས་པ་བྱེད། ཨི་གོ”

གཅོད་པས་ཁོ་ལ་གཅེས་སེམས་ལྡན་པའི་སྐད་ཆ་མང་པོ་ཞིག་བཤད་ཀྱང་དཀོན་རྡོས་མགོ་བོ་གཡུག་གཡུག་བྱེད་པ་ལས་ཅི་ཡང་མ་བཤད།

ཁོ་གཉིས་ཀྱིས་ནུབ་དགོང་འཐུང་ཚར་བ་དང་གཅོད་པས་དཀོན་རྡོ་ཁྲིད་དེ་སྒོ་ཁར་གཅིན་པ་གཏོང་དུ་སོང་། སྐབས་དེར་ཟླ་བ་ཤར་རིའི་རྩེ་ནས་ཚུར་གྲུ་གང་གིས་ནུད་འདུག་ལ། དཀར་ཆག་ཆག་གི་ཟླ་འོད་དེ་དག་གཅིན་འདབས་དང་། ཁོ་གཉིས་ཀྱི་ཁང་ཆུང་། དུར་ཁྲོད་ཀྱི་དུར་རྡོ་དང་དར་ཤིང་། རི་དང་ཐང་། སྤྲིན་པ་སོགས་ཀྱི་སྟེང་དུ་འཕྲོས་འདུག་ཅིང་། དེ་ནི་དེ་འདྲའི་ཞི་བ་ཞིག་དང་བསིལ་བ་ཞིག ད་དུང་ཀུན་ལ་སྙོམས་པ་ཞིག་ཀྱང་རེད་ཨང་། ཟླ་འོད་ཀྱིས་ཡོངས་སུ་བངས་པའི་ཁོ་གཉིས་ཁུ་སིམ་མེར་གཅིན་པ་བཏང་ཞིང་། དེ་ནས་ཡང་ཁུ་སིམ་མེར་ཁང་ཆུང་དེ་རུ་ལོག

“གཅོད་པ། ངས་ཀྱང་དེའི་ཕྱིར་ཟེར་བ་ཡིན། ད་ང་ས་གཞན་ཞིག་ཏུ་འགྲོ་རན་འདུག”

ཁོ་གཉིས་ཁང་ཆུང་དེ་རུ་ལོག་ནས་གཉིད་རན་པ་ན་དཀོན་རྡོས་དེ་སྐད་ཟེར་བ་དང་། གཅོད་པས་སླར་ཡང་ཁོ་ལ་ཧྲེག་གེར་བལྟས་འདུག

“ཅི། ཅི་ཞིག་གི་ཕྱིར་དུ་ཟེར་བ་ཡིན། དཀོན་རྡོ། ཁྱོད་ཀྱིས་གཅོད་པར་གསལ་པོ་ཞིག་ཤོད་དང་།”

“གཅོད་པ། ང་རང་ལང་ཚོ་རྒྱས་པའི་དབང་གིས་ཁྱོད་རྒ་བར་འགྱུར་བཞིན་ཡོད་པ་ཨེ་རེད།”

“ཧ་ཧ་ཧ་་་་ གླེན་པ་འདི། ཁྱོད་ཀྱིས་དེ་གང་ནས་དྲན་བྱུང་།”

སླར་ཡང་ཁོ་གཉིས་ལ་དགོད་སྒྲ་ཡོད་པར་གྱུར། དགོད་སྒྲ་དེས་ཁོ་གཉིས་ཀྱི་ཁང་ཆུང་ཐབས་ཆག་དེའང་བརྒྱངས་ཏེ་ཁོད་ཡངས་པོར་བྱས་ཤིང་། སྐར་ཁུང་གི་གསེང་ནས་མངོན་པའི་སྐར་མ་དེ་གིས་ཀྱང་འཛུམ་དམུལ་དམུལ་བྱེད། འོན་ཀྱང་གཞོགས་ཀྱི་མ་མོ་ཚེ་རྒན་དེའི་འགྲམ་དུ་ཉལ་བའི་ལུག་ཆུང་དེས་ཅི་ཡང་མ་གོ་བའི་ཚུལ་གྱིས་ཁོ་གཉིས་ལ་ཧྲིག་གེར་བལྟས་བྱུང་། རེད། ཁང་ཆུང་འདིའི་ནང་དུ་ཡ་ཐོད་ན་གཉེར་མ་མང་བའི་གཅོད་པ་དང་སྐད་ཆ་ཚིག་རེ་རེས་ཀྱང་ནམ་རྒྱུན་དགོད་ཁ་སྟེར་བའི་དཀོན་རྡོ་ལས་གཞན། ད་དུང་གཉོམ་ཆུང་ཆུང་གི་ཚེ་སྲོག་མ་བུ་གཉིས་ཀྱང་ཡོད།

དེ་ཡང་འདས་པའི་ལོ་ཞིག་གི་སོས་ཀ་དེར། གཅོད་པས་དཀོན་རྡོ་ཁྲིད་དེ་སྡེ་ནང་ལ་གྲོང་ཆོག་ཏུ་སོང་། ཁོ་གཉིས་གྲོང་ཆོག་ཏུ་འགྲོ་ས་དེ་ནི་སྡེ་བ་འདིའི་ནང་ནས་འཚོ་བའི་ཆ་རྐྱེན་ཅུང་ལེགས་ཤོས་ཀྱི་གྲས་སུ་གཏོགས་པའི་དུད་ཚང་ཀླུ་འབུམ་ཚང་ཡིན་ཞིང་། ཉིན་མ་གཉིས་ཏག་ཏག་ལ་གཅོད་པས་དེ་བ་སང་ལ་གཟུངས་བསྡུས་བཏོན་ཞིང་ཁོ་གཉིས་འགྲོ་ཁ་དེར་མ་མོ་ཞིག་ཀྱང་ཁོ་གཉིས་ལ་ཡོན་དུ་བྱིན། དཀོན་རྡོ་ནི་དགའ་ཐག་ཆོད་དེ་ཕྱིར་བསླེབས་ནས་ཉིན་མང་པོའི་རིང་དུ་མ་མོ་དང་མཉམ་དུ་ཉལ་ཞིང་། མ་མོ་དེར་གཅེས་སྐྱོང་གང་ལེགས་བྱས་པས། རང་ཤུགས་ཀྱིས་དཀོན་རྡོ་ནི་ལུག་ལ་དགའ་མཁན་ཞིག་ཏུ་གྱུར། སྟབས་ཡག་པ་ཞིག་ལ་མ་མོ་དེར་ལུག་གུ་ཞིག་ཀྱང་ཁྲིད་མོད། འོན་ཀྱང་ལུག་གུ་དེ་ཁྲིད་ནས་ཉིན་མང་པོ་མ་འགོར་བར་མ་མོ་དེས་རྩྭ་མི་བཟའ་ཞིང་ཆུ་ཡང་མི་འཐུང་བར་སྡུག་སྣང་ཞིག་གིས་ཡོངས་སུ་མནར་བཞིན་ལུག་གུ་དེ་ལ་ཡང་བལྟ་བར་བྱེད། སྐབས་དེར་དཀོན་རྡོ་ནི་སྙིང་ལ་ཚེར་མ་ཟུག་པ་བཞིན་སྡུག་བསྔལ་དང་དངངས་འཚབ་ཀྱིས་ཁེངས་ནས་གཅོད་པར་མ་མོ་འདི་སྐྱོབས་ཐབས་བྱོས་ཞེས་ཞུ་བ་ཡང་ཡང་ཕུལ་མོད་ཀྱང་། གཅོད་པ་ནི་གཅོད་པ་ཞིག་ཡིན་པ་ལས་འཚོ་བྱེད་རྒྱལ་པོ་ཞིག་མིན་པས། མཐར་མ་མོ་དེས་སྙིང་ནས་གཅེས་པའི་ལུག་གུ་ཆུང་དེར་གཏོད་བཞིན་པའི་མིག་གཉིས་པོའང་སྔོ་དྭངས་དྭངས་སུ་གྱུར་ཏེ། ལུག་གུ་དང་དཀོན་རྡོ། ད་དུང་གཅོད་པ་བཅས་བསྐྱུར་ཏེ་ཕྱི་མར་བུད་སོང་།

དེ་ནས་དཀོན་རྡོ་སེམས་སྡུག་གིས་མནར་བར་གྱུར།

“ཡ་དཀོན་རྡོ། གཅེས་ཕྲུག ད་སེམས་སྡུག་མ་བྱེད། མིའི་མགོར་འཇིགས་པ་སྣ་མིན་སྣ་ཚོགས་ཤིག་འོང་རྒྱུ་ཡོད་པ་རེད། ད་ལྟ་འདི་ཙམ་ཆུང་ཆུང་ནང་གི་ཡང་ཆུང་རེད། བློ་རྒྱ་བསྐྱེད་དགོས། ཁྱོད་ཀྱིས་ལྟོས་དང་ལུག་གུ་ཆུང་ཆུང་འདི་ཅི་འདྲའི་སྙིང་དུ་སྡུག་པ་ལ། འདིའི་ལུས་སྟེང་གི་སྤུ་ནི་ཁ་བ་ཞིག་དང་འདྲ། ཁྱོད་རང་འདི་ལྟར་སེམས་སྡུག་བྱས་ཏེ་སྡོད་ན་ལུག་གུ་ཆུང་ཆུང་འདིས་ཀྱང་ཁྱོད་དང་འདྲ་བར་རྩྭ་མི་ཟ་ཞིང་ཆུ་ཡང་མི་འཐུང་བར་ནམ་ཞིག་འཆི་ཁོ་ཐག་རེད།”

རེད་རེད། ཁོ་གཉིས་ཀྱི་ཁང་ཆུང་དེ་རུ་ཡོད་པའི་མ་མོ་ཚེ་རྒན་མ་དེ་ནི་དེ་དུས་ཀྱི་ལུག་གུ་ཉམ་ཆུང་དེ་ཡིན་ཞིང་། དཀོན་རྡོ་ནི་ལུག་གུ་གཅེས་སྐྱོང་བྱེད་པར་ཧ་ཅང་མཁས་པས་མི་ཚོས་ཁོ་རང་ལ་ནོར་ལུག་འཚོ་བའི་གླ་བྱིན་ཏེ་བར་བར་ནས་ཁོང་ཚོའི་ནོར་ལུག་འཚོ་རུ་བཅུག དཀོན་རྡོ་ལུག་གུ་འཚོ་བར་མཁས་པ་བཞིན་ནོར་ལུག་གཞན་འཚོ་བར་ཡང་རབ་ཏུ་མཁས་པས། མི་ཚོས་དཀོན་རྡོ་ནི་ནོར་ལུག་འཚོ་སྐྱོང་བྱ་བར་དམིགས་བསལ་གྱི་ནུས་པ་འདུག་ཅེས་བསྔགས་བརྗོད་བྱས།

དེ་ནས་ལོ་ངོ་འགའ་ཞིག་གི་རྗེས་སུ་རལ་པ་དང་བརྩེ་བ་རིང་བའི་གཅོད་པ་ཁོང་ཡང་སྐུ་གཤེགས་སོང་། གཅོད་པ་འདའ་ཁར་དཀོན་རྡོར་མུ་མཐུད་འཇིག་རྟེན་འདིར་མུ་མཐུད་གསོན་དགོས་པའི་བསླབ་བྱ་མང་དུ་གནང་ཞིང་། ད་དུང་ཁོའི་རྗེས་ཀྱི་དཀོན་རྡོའི་མི་ཚེ་ལའང་བསྐོད་སྒྲིག་ངེས་ཅན་ཞིག་བྱས་འདུག གཅོད་པ་དགོངས་པ་རྫོགས་ནས་ཉིན་གསུམ་འགོར་བའི་ཉིན་མོ་དེར་ཡུལ་མི་མང་པོ་འདུས་ནས་ལུག་ཉི་ཤུ་དང་ནོར་འགའ་བཞོན་རྟ་ཞིག་བཅས་དཀོན་རྡོའི་སྒོ་ཁར་བཏགས་ཏེ།

“ཡ་དཀོན་རྡོ། འདི་གཅོད་པ་ཁོང་གིས་ཁྱོད་ལ་བཀོད་སྒྲིག་བྱས་པ་རེད། ད་ཁྱོད་ཀྱིས་བདག་ལེགས་པོར་བྱོས། མ་གཞི་ཁྱོད་ཅུང་རིག་དུབ་ཅིག་ཡིན་མོད་སྒོ་ནོར་ལྟ་སྐྱོང་གི་ཐད་ནས་སུས་ཀྱང་ཁྱོད་ཀྱི་ཡ་མི་ཡོང”ཞེས་སེམས་གསོ་དང་སློབ་སྟོན་གང་མང་བྱས་རྗེས་རང་རང་གི་ཡུལ་དུ་ལོག

དཀོན་རྡོས་བསམ་པར། གཅོད་པ་ཁོང་ང་ལ་འཕྲད་དུ་ཡང་མི་ཡོང་བར་སྒོ་ནོར་འདི་དག་གཞན་ལ་སྐུར་དོན་གང་ཡིན་ནམ་སྙམ་ཞིང་། དེ་མ་ཐག་ཉིན་གསུམ་གོང་གི་དགོང་མོ་དེར་གཅོད་པས་ཁོ་ལ་བཤད་པའི་སྐད་ཆ་ཞིག་དྲན་བྱུང་།

“དཀོན་རྡོ། ད་ང་ས་ཆ་ཐག་རིང་ཞིག་ཏུ་ལན་གཅིག་འགྲོ་དགོས་འདུག དེའི་བར་ཁྱོད་ཀྱིས་རང་གིས་རང་ལ་བདག་སྐྱོང་དང་སྒོ་ཁའི་ནོར་ལའང་ལྟ་སྐྱོང་ལེགས་པོ་བྱ་དགོས། རེད། ད་ལྟ་འུ་གཉིས་ལ་ལུག་མ་སྨད་གཉིས་ལས་མེད་མོད་རྗེས་ཕྱོགས་དཀོན་མཆོག་གི་བཀའ་དྲིན་གྱིས་འུ་གཉིས་ལ་སྒོ་ནོར་ཅུང་ཞིག་འཐོབ་སྲིད་པས་ཁྱོད་དེ་དག་ལ་ལྟ་སྐྱོང་ལེགས་པོ་བྱ་དགོས། གལ་ཏེ་གཅོད་པས་ཁྱོད་སྐྱིད་པོ་བྱས་ནས་བསྡད་མེད་པ་གོ་བྱུང་ན་གཅོད་པ་གཏན་ནས་ཕྱིར་ཁྱོད་འཕྲད་དུ་མི་ཡོང་། གོ་ཨེ་ཐལ་གཅེས་ཕྲུག”

གཅོད་པས་སྔར་ནས་བཀོད་སྒྲིག་བྱས་འདུག དགོང་མོ་དེར་སྡེ་དཔོན་ཁོ་རྟ་སྒ་མ་སྒ་འཁྲིད་ཅིག་བྱས་ནས་གཅོད་པའི་སྒོ་ཁར་ཐོན་ཞིང་གཅོད་པ་བསུས་སོང་། དེ་ནི་གཅོད་པས་རང་ཉིད་ས་ཆ་གཞན་ཞིག་ཏུ་ཕྱིན་མདོག་བྱས་ཏེ་མདོར་ན་རང་ཉིད་འཆི་བཞིན་པ་དཀོན་རྡོར་མཐོང་དུ་མ་བཅུག་པ་རེད།

དེ་ནས་དཀོན་རྡོའི་ནོར་གནག་འགའ་རེ་ཡོད་པ་དེ་དག་ཀྱང་ལུག་ལ་བརྗེས་ཏེ་ལུག་འཚོས། ལོ་ངོ་འགའ་ལས་མ་འགོར་བར་ལུག་དེ་དག་ལུག་ཁྱུ་ཞིག་ཏུ་འཕེལ་ཅིང་། ལུག་ཁྱུ་དེས་ཀྱང་གཅོད་པ་ནང་བཞིན་ཁོ་ལ་འཚོ་བ་སྐྱེལ་རོགས་བྱེད་ལ། མི་ཚོས་ཀྱང་དཀོན་རྡོའི་ལུག་ཁྱུ་ནི་དུར་ཁྲོད་ན་བབས་པའི་ཞུ་བ་མེད་པའི་ཁ་བ་ཞིག་དང་འདྲ་ཞེས་བསྔགས་བརྗོད་བྱེད།

རེད་རེད། ཁོ་ནི་དཀོན་རྡོ་རེད། རྟག་པར་དུར་འདབས་ཀྱི་ཁང་ཧྲུལ་དེ་ནས་མི་ཚེ་ཟེར་བའི་སྐུད་པ་རིང་པོ་ཞིག་སྒྲིམ་བཞིན་བསྡད་ཡོད། ད་ནི་སྐུད་པ་དག་ཀྱང་གྲུ་གུར་བསྒྲིལ་ཏེ་ཁང་ཧྲུལ་ཆུང་ངུ་དེའི་ཕྱེད་ཀ་འགེངས་ལ་ཉེ། མི་ཚོས་ཁོ་ལ་ས་གཞན་དུ་སྤོར་བའི་ཐབས་བསྟན་ཀྱང་ཁོས་ཁས་མ་བླངས། ཁོས་བསམ་པར། རང་ཉིད་ས་གཞན་དུ་སྤར་ན་གཅོད་པ་ཕྱིར་ཡོང་དུས་ཁོ་རང་རྙེད་མི་སྲིད་སྙམ་བཞིན་ཡོད།

རེད་རེད། ཁོ་ནི་དཀོན་རྡོ་རེད། ཁོ་ལ་མཛའ་མོ་དང་གྲོགས་པོ་ཟེར་བ་ཞིག་ཡོད་མ་མྱོང་། འོན་ཀྱང་ཁོ་ལ་གཅོད་པ་ཟེར་བའི་བརྩེ་བ་དང་རེ་བ་ཞིག་ཡོད་མྱོང་། བརྩེ་བ་དེས་ཁོ་ལ་འཇིག་རྟེན་འདིར་གསོན་ཆོག་པའི་ཆོ་ལོ་བྱིན་ཅིང་། རེ་བ་དེས་ནི་ཁོའི་འཚོ་བ་དོན་སྙིང་དང་ལྡན་པར་བསྒྱུར་ཡོད།

“ཁ་བ། ཁ་བ། རེད། ཁ་བ་རེད།”

དེ་ནི་དགུན་ཁ་ཞིག་སྟེ། དཀོན་རྡོ་མལ་ལས་ལངས་ནས་ལུག་རར་བསྐྱོད་པ་ན་ཁ་བ་མཐུག་པོ་ཞིག་བབས་འདུག

ལྟོས་དང་། དཀར་ཆག་ཆག་གི་ཁ་བ་དེ་དག་གཅིན་འདབས་དང་། ཁོའི་ཁང་ཆུང་། ལུག་ར། དུར་ཁྲོད་ཀྱི་དུར་རྡོ་དང་དར་ཤིང་། རི་དང་ཐང་། ལམ་དང་ནགས་ཚལ་སོགས་ཀྱི་སྟེང་དུ་བབས་འདུག་ཅིང་། དེ་ནི་དེ་འདྲའི་ཞི་བ་ཞིག་དང་བསིལ་བ་ཞིག ད་དུང་ཀུན་ལ་སྙོམས་པ་ཞིག་ཀྱང་རེད་ཨང་།

 “ཡག་པོ་འདུག ངོ་མ་སྤྱི་ཡི་ཆ་ནས་ཡག་པོ་བྲིས་འདུག རྟེན་འབྲེལ་ཞུ། ཁྱོད་ཉིན་རེ་ནས་ཉིན་རེར་ཇེ་ངར་རེད། ད་ཞག་ཁ་སང་གྲོང་ཁྱེར་གྱི་འུར་ཟིང་དང་འཚོ་བ་ཟེར་བ་དེས་ང་རང་འུ་ཐུག་པར་བྱས་ཤིང་དུར་ཁྲོད་དུ་རྫོང་བཞིན་ཡོད། སྐབས་འདིར་ཁྱོད་ཀྱི་སྒྲུང་གཏམ་མཐོང་ཐུབ་པ་ནི་ཚ་ཞིང་ངར་བའི་རང་སེམས་ཀྱི་དུར་ཁྲོད་དུ་ཁ་བ་བསིལ་མོ་ཞིག་བབས་དང་འདྲ།”

“ངོ་མ་ཨེ། ད་ང་ཡིད་ཚིམས་སོང་། འུ་གཉིས་ཇ་ཁང་ཞིག་ཏུ་སོངས་ནས་དེའི་སྐོར་གྱི་ཁ་བརྡའ་འགའ་རེ་བྱེད་ཞོར་ཟ་མ་ཞིག་ཟ། ངས་ཁྱོད་ལ་མགྲོན་བྱེད།”

                                                               ༣ ༽

རེད། འུ་ཚོས་སླར་ཡང་གོང་གི་མི་རྐྱང་དེའི་སྐོར་གྱི་དོན་དག་དེ་གླེང་རྒྱུ་བྱེད།

མི་རྐྱང་དེས་བྱིའུ་འཕུར་རྗེས་ཀྱི་སྡོང་པོའི་ཡལ་ག་འགུལ་བའི་རྣམ་པར་བལྟས་ཏེ་དར་ཅིག་ལ་བསྡད་པ་དང་། དེ་ནས་ཡར་འཁོར་སྟེ་འབྲི་བཞིན་པའི་སྙན་ངག་དེའི་མཐའ་བསྐྱངས།

 ཁ་ཆེམས།

 …… ……

ཁྱེད་ཚོས་དལ་ལྷོད་ཀྱིས་རྨི་ལམ་འདི་མུ་མཐུད་ནས་གཏོང་བར་ཞུ
ང་རང་ཧ་ཅང་དལ་བུས་ངང་དུར་ཁྲོད་དུ་ལོག་ཆོག 

སྦ་གསང་ཅི་ཡང་མེད་པར་ཞུས་ན
ང་ལ་གང་དུའང་ཞེ་ཐོགས་ས་ཞིག་མེད་པས
སྙན་ངག་འདིའང
སང་ཉིན་གྱི  སྐྱ་ཐག་ཐག་གི་ཉི་མ་ལ་བྲིས་པ་ཡིན་པར་གྱིས

མེ་ལྕེབས་དག
མཆོངས་ཤིག
མེ་ལྕེ་འཁྱགས་པོ་དེས་ཁྱོད་ཀྱི་ཁ་བ་དང་བདེ་སྐྱིད་མཐའ་དག་གི་སྒོ་མོ་བཅད་འདུག

ད་དུང་ཁྲུང་ཁྲུང་དག
བདག་སོང་ཤུལ་ནས
ནམ་ཞིག་ཁྱེད་ཚོའི་བླ་མཚོ་བསྐམས་དུས་དེར
ཁྱེད་ཅག་བདག་གི་སྙན་ངག་གི་མཚོ་མོ་དེ་རུ་འཕུར་ཅིག
བདག་གིས་དེ་ན་རྟག་བརྟན་གྱི་མཚོ་མོ་ཞིག་བསྐྱིལ་ཡོད

 རེད་ཨང
བདག་དུར་ཁྲོད་དུ་ཧ་ཅང་དལ་བུས་ངང་ལོག་འགྲོ
ཁྱེད་ཚོས་ཆང་ཕོར་ལ་ཆང་ཕོར་གཏུག་གིན
སྨུག་པ་འཐིབས་པའི་རྨི་ལམ་དེ་དལ་ལྷོད་ལྷོད་ངང་མུ་མཐུད་དུ་གཏོང་བར་ཞུ

 ཁོས­­༼ཁ་ཆེམས༽བྲིས་ཏེ་ཆ་ཚང་དྲྭ་ངོས་སུ་སྤེལ་བ་དང་། དྲྭ་ཐོག་མི་ཚོགས་ནི་ཅོང་ཚང་ནང་དུ་རྡོ་འཕངས་པ་ལྟར་འུར་ཆིལ་ལེར་སོང་།

ཡང་ཉིན་གསུམ་གྱི་རྗེས་ནས“ང་དུར་ཁྲོད་དུ་གསོན་ཡོད”ཅེས་པའི་ཚིག་དུམ་ཞིག་དང་པར་རིས་ཤིག་དྲྭ་ངོས་སུ་བཀལ། སྐད་ཆ་དེས་མི་མང་པོ་ཞིག་ལ་གཏན་ཚིག་དང་རང་ཚུགས་ཟེར་བ་ཞིག་མེད་པར་ཁྱབ་བསྒྲགས་བྱས་པ་བརྒྱུད། ཁོའི་མཚན་སྙན་ཡང་ཅུང་མཐོ་རུ་འཕུར་བར་བྱས།

“ཁྱོད་ངོ་མ་སང་ཉིན་དུར་ཁྲོད་དུ་འགྲོ་དགོས་ཀྱང་སྲིད། སུ་ལའང་རྟག་པ་ཟེར་བ་ཞིག་གང་ན་ཡོད།”

སྲིན་པོ་ཞེས་པའི་དྲྭ་མིང་ཅན་དེས་ཁོ་ལ་དེ་སྐད་ཀྱིས་གཤེ་ཡང་མང་པོ་ཞིག་གིས་ལྡོག་ཕྱོགས་ཀྱི་བསྟོད་པ་གནམ་ན་མི་ཤོང་བ་དག་བྱས།

ངོ་མ་ཕྱི་ཉིན་དེར་ཁོ་རང་རླངས་འཁོར་ཞིག་གིས་བརྡུངས་ཏེ་དུར་ཁྲོད་དུ་འགྲོ་དགོས་པ་ཆགས་སོང་། རེད་རེད། མི་རྐྱང་དེས་གཞུང་ལམ་ཞིག་གི་འགྲམ་ནས་འགྲོ་སྐབས་གློ་བུར་དུ་ཁོས་སྔར་གྱི་མཛའ་མོ་དེ་ལམ་གྱི་ཕར་ཀ་ནས་འགྲོ་བཞིན་པ་མཐོང་། དེ་མ་ཐག་ཁོ་རང་ཚམ་ཚོམ་ཅི་ཡང་མེད་པར་གཞུང་ལམ་གྱི་སྟེང་ནས་འཕྲེད་བཅད་དུ་བརྒྱུགས། དུང་སྒྲ་སྐྱི་གཡའ་བ་ཞིག་གྲགས་པ་དང་མཉམ་དུ་ཁོ་རང་རླངས་འཁོར་ཞིག་གིས་བརྡུངས་ཏེ་ཤ་རུས་ཕྱེ་མར་བཏང་། གྲོང་ཁྱེར་གྱི་མི་དག་གིས་རྒྱང་མ་ནས་ཁོའི་ཕྱོགས་སུ་བལྟས་ཏེ་ཁོའི་ཡན་ལག་དང་ནང་ཁྲོལ་དེ་དག་གང་སར་གཏོར་འདུག་པའི་ཚུལ་ལ་ཧད་དེ་འདུག ངོ་མ་རྣམ་པ་དེ་ནི་བྱ་རྒོད་དང་ཁྭ་ཏ་ཡི་ཚོགས་དག་བེམ་རོ་ཞིག་གི་མཐའ་ལ་རུབ་ནས་རོ་འཛིང་བཀྱེ་ལ་ཉེ་བའི་ཚུལ་དང་འདྲ། ཅིིས་མ་བདེན་གྲོང་ཁྱེར་དང་འཚོ་བ་འདི་ནི་དུར་ཁྲོད་ཅིག་རང་རེད།

ཁོ་རང་དུར་ཁྲོད་དུ་ནུབ་ནས་ཉིན་གསུམ་འགོར་བའི་ཉིན་དེར། མི་རབས་གསུམ་པའི་སྙན་ངག་པ་དག་གིས“ཁྱོད་ནམ་ཡང་དུར་ཁྲོད་དུ་གསོན་ཡོད”ཅེས་པའི་རྗེས་དྲན་གྱི་བྱ་འགུལ་སྤེལ་ཅིང་དེའི་སྟེང་ནས་སྙན་ངག་གྱེར་འདོན་ཡང་མང་དུ་བྱས།

སུས་ཀྱང་ཁོ་རང་ཕྱིན་སོང་བ་ཤེས་ཀྱང་གང་དུ་ཕྱིན་པ་ཡིན་མིན་གཏན་ནས་ཧ་མི་གོ་མོད། མི་རྐྱང་དེ་དུར་ཁྲོད་དུ་ལོག་ནས་ཁོས་འཆད་མྱོང་བའི་རྨི་ལམ་རྒྱབ་ཀྱི་རྨི་ལམ་གཞན་ཞིག་གི་གྲོང་ཚོ་དེ་རུ་ཕྱིན། ཁོས་དེ་ནས་རང་གི་གྲིབ་མ་རྙེད་ཅིང་ཕྱིར་ལྟས་ཤིག་བྱས་པ་ན། རང་གི་རུས་དུམ་དང་སྐྲ་ཤད་དེ་དག་དུར་ཁྲོད་ཀྱི་ཕ་བོང་དང་ས་རྡུལ་གྱི་ཁྲོད་དུ་འདྲེས་འདུག་པ་མཐོང་ཞིང་ཁ་བ་དང་ཡང་འདྲེས་འདུག་པ་མཐོང་།

ཁོ་རང་དེ་ལྟར་དུར་ཁྲོད་བརྒྱུད་ནས་མཐར་ཁོས་རེ་སྙེགས་བྱ་ཡུལ་གྱིའམ། ཡང་ན་རྨི་ལམ་ཁྲོད་ཀྱི་ཕ་ཡུལ་དེ་རུ་ལོག་སོང་། འཚོ་བའི་འདམ་རྫབ་ལས་འདྲེད་དེ་ཕམ་པའི་མི་མང་པོ་ཞིག་ཀྱང་དུར་ཁྲོད་བརྒྱུད་ནས་ཕ་ཡུལ་དུ་ལོག་སོང་། འོན་ཀྱང་ཕ་ཡུལ་ནའང་དུར་ཁྲོད་ཡོད་འདུག་ལ། དུར་ཁྲོད་ཀྱི་སྒོ་མོ་དེའང་ཧར་རེ་ཁོ་ཚོའི་ཕྱོགས་སུ་ཕྱེས་ཕྱེས་ལ་འདུག

“དུར་ཁྲོད་ཡོད་ན་རྨི་ལམ་ལོས་ཡིན། དུར་ཁྲོད་ནི་རྨི་ལས་འབུད་སའི་སྒོ་མོ་གཅིག་པུ་དེ་མ་ཡིན་ནམ།”

ཁོས་དེ་ལྟར་བསམ་བཞིན་གློ་བུར་དུ། ཁོ་རང་ཕ་ཡུལ་ལའང་སུན་སྣང་དྲག་པོ་ཞིག་སྐྱེས་ཤིང་། དེ་མ་ཐག་དུར་ཁྲོད་གཏན་ནས་མེད་པའི་ཡུལ་ཕྱོགས་ཤིག་ཏུ་འགྲོ་འདོད་གྱི་བློ་གློ་བུར་བ་ཞིག་བྱུང་། སླར་ཡང༼ཁ་ཆེམས༽བྲིས་ཤིང་ལམ་དུ་ཆས།

ལམ་བར་ནས་ཁོ་རང་ཁེར་རྐྱང་ཡིན་པས་ཧ་ཅང་འཁྱགས་པོ་བྱུང་ཞིང་། ཆུ་རྡོ་ལྟར་འཁྱགས་པའི་ལག་པ་གློ་ཁུག་ཏུ་བསྣར་བས་དངོས་པོ་ཅི་ཞིག་དང་འཕྲད་མ་ཐག་ལག་མགོ་དྲོད་སིབ་སིབ་ཏུ་གྱུར། ཁོས་གློ་ཁུག་གི་དངོས་པོ་ཕྱིར་བླངས་ནས་བལྟས་པས། དེ་ནི་དུར་ཁྲོད་ནས་ཁུར་འོང་པའི་ཁ་བ་རྡོག་པོ་ཞིག་རེད་འདུག་ཅིང་། དེ་ནི་འདྲའི་དཀར་ཞིང་གཙང་ལ་དྲོད་སྣང་འབར་བ་ཞིག་ཀྱང་རེད་ཨང་།

འོན་ཀྱང་དེ་ནི་དུར་ཁྲོད་ནས་ཐོབ་པའི་གནས་སྐབས་ཀྱི་དྲོད་སྣང་ཕྲན་བུ་ཞིག་གོ།

                                                                          2015.8.19

                                                                                                       རྩོམ་སྒྲིག་པ། དབང་མོ།

                                                                                          (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུར་ཁྲོད་ཀྱི་ཁ་བ།

2016-03-06 དུང་རི་ཚེ་དབང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།