སིབ།

སྟོན་མགོའི་བ་མོ་ས་ལ་ཆགས་པའི་ནངས་མོ་དེར།ཁྱོད་རང་སྐྱ་རེངས་དང་འགྲོགས་ནས་ཡར་ལངས་ཏེ་འབྲི་བཞོས་ཤིང་།མེ་ཁ་གསོས་ནས་ཇ་ཕུད་མཆོད་རྒྱུ་མ་བྱུང་།ཡང་ན།ཁོ་ཚོས་སྔ་ས་ནས་ཁྱོད་རང་གཏིང་བརྗེད་དུ་གྱུར་ཡོད་ཀྱང་སྲིད།ཁྱོད་རང་དེ་ལྟར་ས་ཆེན་གྱི་ཕང་བར་གན་རྐྱལ་དུ་བསྡད་ནས་མིག་མདངས་བ་མོས་བསྒྲིབས་སོང་།ཁྱོས་ད་དུང་ཅི་ཞིག་ལ་བློས་མ་ཆོད་པར་ཤ་མཆིན་པར་གཅུ་ལོག་གང་མང་བརྒྱབ་མཐར་མི་ཡུལ་གྱི་འཁྱག་གྲང་མི་ཚོར་བར་གྱུར།ཞོགས་ཀའི་དྭངས་གཙང་དང་ཉི་འོད་ཀྱིས་བྱིན་པའི་བདེ་དྲོད་མི་ཚོར་བར་གྱུར།མཛུབ་མོའི་སེར་ཀ་དག་ཏུ་ལྡིང་བའི་རྒྱུ་འབྲས་ཀྱི་ཀྱིང་བསེར་དང་དེ་ལས་མཆེད་པའི་བྲག་ཅ་ཡང་མི་ཚོར་བར་གྱུར།

ཨ་ནེ་ལྷ་མཚོས་ཁྱོད་ནི་གླིང་ན་དཀོན་པའི་གླུ་མ་དཔེ་མེད་ཅིག་ཡིན་ཟེར།ཁྱོད་རང་གླེང་དུས་མོའི་མིག་ལ་ཆུ་འཁྱིལ་གོར་མོར་འཛུམ་ཡོང་།མོས་མཁུར་མགོའི་མཆི་མ་འབྱིད་ཞོར་དུ་ངག་ནས་འདི་ལྟར་ཁྲོལ། “ལོ་དེར་མོ་ལོ་བཅུ་དགུར་བུད་མ་ཐག་ཡིན།་་་་་་  ”མོས་འགྲམ་པ་མུར་མུར་ཙམ་བྱེད་པ་དང་ལག་པས་ཕྲེང་བའི་གྲངས་མདུད་ཕྲེང་རྡོག་གཅིག་ཐག་མཚམས་ལས་བསྣོལ་བཞིན།

ལོ་དེར་མོ་ལོ་བཅུ་དྲུག་ལ་བུད་མ་བུད་ཙམ་རེད།ལོ་མགོ་ཚེས་མ་ཐག་རྨ་ཕ་རུ་ཚང་གིས་མོ་མཛོ་གྭ་ཁྲ་ཞིག་གི་གོང་ལ་བསྐྱོན་ནས་ལ་མོ་མང་བོ་བརྒྱབ་མཐར་འུ་སྦྲ་ཞོལ་མ་ཚང་ལ་བསྐྱལ་ནས་ཐོན་བྱུང་།ལོ་དེའི་ལོ་རྙིང་ལ་སྔགས་རྒན་མཐོ་རིས་པོ་སོགས་བར་པར་སོང་དུས་ནི་སྟོན་མགོ་ཁུགས་མ་ཐག་ཡིན་པས་ཆུ་རྨ་ཆུར་འགྲམ་དར་ཆགས་མེད།ཁོ་ཚོ་གོ་གྲུར་བསྡད་ནས་ཕར་ཚུར་ལ་བསྐྱོད་པ་རེད།མོ་གནས་ལ་ཡོང་དུས་ནི་དགུན་སྐྱ་མོའི་གཞུང་ཡིན་པ་དང་རྨ་ཆུར་འགྲམ་དར་ཆགས་ནས་སྟེང་དུ་མི་སྲོག་གཉི་ག་བདེ་བླག་ངང་བགྲོད་ཐུབ།

ཁྱོད་ནི་སྦྲ་ཞོལ་མ་ཚང་གིས་རྒྱུ་ནོམ་པ་བྱིན་པའི་མནའ་མ་རེད།སྦྲ་ཞོལ་མ་ཚང་གི་སྦྲ་སྒོ་ནས་གོམ་པ་ནང་དུ་སྤོས་ཉིན་ནས་ཁྱོད་ནི་དེ་བ་ཚང་གི་ཁོལ་དུ་གྱུར།དེ་བ་ཚང་གིས་རྟ་རྐྱང་ངེ་ཞིག་དང་གཡག་སོ་བཞི་གཉིས་ཀྱི་རིན་པས་གཡུ་བྱུར་དང་གཞོ་གཟུང་།དམར་གདན།ཝ་ཞྭ།དབུས་ཕྲུག་ཁམ་ནག་གཅིག་དང་ཚ་རུ་སྲམ་ཁ་ཅན་ཞིག་བྱིན་ནས་ཉོས་པའི་མནའ་མ་རེད།སྐབས་དེར་མཚོན་ན་ཁྱོད་ནི་རྒྱུ་ཆེན་བྱིན་ནས་ཉོས་པའི་གྲས་སུ་གཏོགས་པས་ཁྱོད་རང་གནས་ཡུལ་མ་བརྒྱུད་པའི་སྔ་རོལ་ཏུ་ནང་ན་ཟླའི་གྲལ་ཏུ་ཁྱོད་ལ་ངོ་སོ་སྔར་མེད་ལ་ཕྱིས་སུ་ཡང་མ་ཡོད་པ་ཞིག་རྒྱས།ཁྱོད་ནི་རྒྱུ་ཆེན་བྱིན་ནས་ཉོས་པའི་མནའ་མ་རེད་ཟེར་དོན་ནི།ཏག་ཏག་སྔོན་དེར་སྦྲ་གོང་མའི་སྐར་མ་སྐྱིད་ནི་བེའུ་གྭ་གཞིས་ཤིག་གི་རིན་པས་རྨ་ཉིན་ལུང་བར་གནས་ལ་བརྫངས་པ་རེད།

ནངས་མོ་དེར།ཁྱོད་རང་མཛོ་གྭ་ཁྲའི་གོང་དུ་བསྡད་ནས་གདོང་འཚོབ་མ་བྱས།ཁྱོའི་བག་རོགས་སུ་ཡོད་པའི་ཨ་ཅེ་ན་གོས་ཁྱོད་ཀྱི་གཡོན་ནས་བསྐྱོར་ཞིང་ཕ་ཁྱིམ་གྱི་སྦྲ་སྒོ་ཡངས་པོར་ཕྱེས་དུས།སྒྱོའུ་སྒང་རྩེ་ནས་ཁྱོད་ཀྱི་གདོང་ལ་འཕྲོས་ཡོངས་པའི་འཆར་ཀ་དེ་ནི་ཅི་འདྲའི་མདངས་གཉོམ།སྦྲ་སྒོའི་གཡས་གཡོན་དུ་ཁྲ་ཀྱིག་སེར་བསྟར་བའི་མི་ཚོགས་དེ་ནི་ཁྱོད་ཀྱི་ལྷ་སྡེ་ཞིག་རེད།མི་ཚོགས་དེའི་དབུས་སུ་ཁྱོད་ནི་གཡུལ་ལ་ཆས་ཁའི་དཔའ་མོ་ཞིག་དང་འདྲ་ལ།རྒྱབ་ལོགས་ནས་བལྟས་ན་གོ་ཁྲབ་ཀྱི་དབྱིབས་སུ་ཡོད་པའི་དམར་གདན་དུ་ཚེ་གང་བོར་ཟད་མཐའ་བྲལ་བའི་སྐྱིད་ཅིག་ཁུར་ཡོད་དམ།སྐབས་དེར།ཁྱོད་ཀྱིས་ཁ་ལོག་གྲངས་མེད་བརྒྱབ་མྱོང་བའི་མིང་བོས་མིག་ཀོང་མཆི་མས་ལྟམ་བཞིན་“སྲིང་ཆུང་མ།གཡང་ཞིག་ཡོད་ན་ཕ་མར་བསྐྱུར།སྐྱིད་ཅིག་ཡོད་ན་རང་གིས་ཁྱེར།་་་་་་”ཞེས་ལན་གསུམ་བོས།

གཡོན་གྲལ་ན་མ་སྲུ་མང་བོས་ཨ་མའི་མཐའ་བསྐོར་ནས་ངུ་བཤུམས་བྱེད་པ་ལས།ཨ་ཞང་ཚོས་ཁྱོད་ལ་མཛོ་སྒ་བསྟོད་ཅིང་གསེར་སྐྱེམས་མཆོད་ནས་བྲེལ་བྲེལ་ཟིང་ཟིང་བྱེད།ཁྱོས་ཐུ་སྣེ་བསྡོགས་ཙམ་གྱིས་གོམ་ཁ་དལ་མོར་མདུན་ལ་ཁྱེར་བ་དང་།གཞོ་གཟུང་དང་གློ་ཆ་བརྡེག་པའམ་མགུལ་རྒྱན་གང་རུང་ལས་སིལ་སྒྲ་གཡེར་དྲིལ་རླུང་ཁར་ལྷུང་འདྲ་ཞིག་མཆེད་པར་བྱེད།སིལ་སྒྲ་དེས་ཁྱོད་ཀྱི་གད་ཁ་མའི་ལང་ཚོ་ལ་རྫོགས་ཚིག་ཅིག་འབྲི་བཞིན་འདྲ་ལ་དགུན་གྱི་ཞོགས་པ་དེའི་ལྷང་འཇགས་ལ་རྣ་ཏོག་ཅིག་བཏགས་འདྲ་ཡང་རེད།

ཁྱོད་བཏགས་ཁྱིའི་འགྲམ་གྱི་དེའུ་འབུར་དེར་རྟེན་བྱས་ཏེ་མཛོ་གྭ་ཁྲའི་གོང་ལ་བུད་ཅིང་།གང་ཞིག་མཐོང་འདོད་ཀྱི་རེ་འགྱུ་དྲག་པོས་བརྒྱ་ཚོགས་སྟོང་འདུས་ཁྲོད་དུ་མིག་ཉུལ་བྱེད་དུས།ཁྱོད་ཀྱིས་ད་དུང་ཅི་ཞིག་བློས་ཐོངས་མ་བྱུང་།ཚེ་གཅིག་ལས་གཅིག་ལ་སྙིང་གི་ཕྱེད་ཀ་སྤྲད་ཚར་བའི་ཤ་མཆིན་པའི་དྲོད་ཁོལ་དམ་དུ་གླན་མྱོང་བའི་མྱི་དེ་མཐོང་རྒྱུ་མི་འདུག དགུན་གྱི་ཞོགས་པ་དེར།ཁྱོད་རང་བརྒྱ་ཚོགས་སྟོང་འདུས་དབུས་ནས་ཆུ་རྨ་ཆུའི་དར་ཟམ་བརྒལ་ཏེ་གནས་རུ་བརྒྱུད་སོང་།ལོ་དེར་ཁྱོད་མོ་ལོ་བཅུ་དྲུག་ལ་སོན་མ་ཐག་ཙམ་ཡིན།

དེ་ནི་སྲོད་དུས་ཤིག་རེད།ཁྱོད་རང་སྐྱ་མི་མང་བོས་བསུ་སྐྱེལ་ཁྲོད་སྦྲ་ཞོལ་མར་འབྱོར་དུས།ནུབ་ཀྱི་ཨ་མྱེས་བྲག་སེར་མགོ་ནས་ཉི་མ་ཚང་ལ་ནུབ་མ་ཐག་རེད།ད་ནི་ཁྱོད་ཀྱང་ཚང་ལ་ནུབ་པ་ཡིན་ནམ།མིན་ཏེ་འཁྱོལ་མཐའ་བྲལ་བའི་དཔྱིད་ཉི་རིང་མོས་ད་དུང་ཁྱོད་ལ་སྒུག་ནས་ཡོད།ཁྱོད་ཀྱི་མགོ་བདག་བཟའ་བ་ཡིན་སྲིད་པའི་མི་དེས་ཁྱོའི་སྔུན་བསུས་ཏེ་མི་ཚོགས་མང་བོ་ཞིག་གིས་ཁྱོད་ལ་ཐོང་བསུ་བྱས་ཤིང་།སྦྲ་སྒོ་དང་ཅུང་རིང་ས་དེར་ཤུག་པ་མེར་བཏང་ཡོད་པ་དེ་ནི་ཁྱོད་ལ་དག་གཙང་བྱེད་ས་རེད་ལ།ཁྱོད་དེ་གར་ཆུ་མོའི་ཕར་ཁར་ལྡིང་བ་དང་བཞིན་བགོམས་ནས་སོང་།མདུན་ཐད་ཀྱི་སྦྲའི་ཁ་ཚུབ་ལས་དུ་བ་སྔོ་ལིང་ལིང་འཕྱུར།རི་སྡེ་འདི་ད་ནི་ཁ་ཞག་ཀྱུ་ལེར་ཁུ་ཞག་ལྡེམ་མེར་ཡོད།ཁྱོད་ཀྱང་དེ་ཉིན་ནས་ཆུ་ལ་ཆུ་བཞིན་གྱི་རི་སྡེ་འདིའི་ཁུགས་སུ་ཆར་རླུང་གིས་བསེད།མྱི་དང་སྐད་ཆའི་རྩུབ་རེག་གིས་ཀྱང་ཡང་ཡང་བསེད་ནའང་།ཁ་ཁུ་སིམ་པ་ནི་ཁྱོད་ཀྱིས་རང་ཉིད་དང་ལས་དབང་ལ་ཨ་ལན་ལྡོག་སྟངས་ཤིག་ཡིན་ནམ།

ཕྱིས་སུ་ངའི་མཐའ་བསྐོར་གྱི་མི་མང་བོ་ཞིག་གིས་ང་ལ “ཁྱོད་ནི་ཨ་མའི་ཤ་ཆད་པའི་བུས་ཕྲུག་མ་རེད།མོ་དེ་ལོའི་སྟོན་ཁ་ཞིག་ལ་ན་ཐུང་ཆུ་ཁར་ཟོག་ཆུ་ལྡུད་དུ་སོང་དུས་ལམ་རྐེད་ཅིག་ནས་རྙེད་པ་རེད ”ཟེར་དུས།ངས་རང་ཉིད་ནི་ཐང་ནས་སྐྱེས་ཡོང་བ་ཞིག་ལོས་ཡིན་བསམ།

ངས་བུས་པ་ཡིན་དུས་ཀྱི་དོན་མང་བོ་ཞིག་ཡིད་ཀྱི་གཏིང་ནས་བརྗེད་ཚར་འདུག་ནའང་།རྨི་ལམ་མ་ཡིན་ནམ་སྙམ་པའི་ཕྱིར་དྲན་མག་མོག་ཅིག་གི་ཁྲོད་ན།རང་ཉིད་ལ་ཚེ་འདིའི་ཟས་སྐལ་ཐོག་མ་སྟེར་མཁན་ཡིན་སྲིད་པའི་རྒྱབ་གཟུགས་ཤིག་ནི་ནངས་སྐྱ་མདའ་མ་བཏང་མཚམས་ཙམ་ནས་ནོར་ལྡང་ན་འདུར་གྱིན་པ་དང་།དགོང་སྐར་ཆེན་ཤར་དུས་ནའང་ལུག་ལྷས་སུ་དག་རར་ལྷུང་ཡོད།ངས་སྦྲ་ཆུང་གི་འདབས་ཀའི་གསེབ་ནས་མིག་ཟུང་ཁྲ་ཀེམ་ཀེམ་བལྟས་དུས་ཀྱི་ཁྱོད་ནི་རྐང་རྗེས་ལེབ་མོ་དེ་དག་གི་ཁྲོད་ནས་ཟད་ཀྱིན་འདུག

ང་ནི་དངོས་འབྲེལ་ཁོ་ཚོས་ལབ་པ་ལྟར།ཁྱོད་ཀྱི་གདོང་ལ་སྡུག་གི་བ་མོ་ཕབ་མཁན་གྱི༼ཐེའུ་ཕྲུག༽ཅིག་ཡིན་ནམ།ཁྱོད་རང་སྦྲ་ཞོལ་མར་ཐོན་པའི་སྟོན་ཁ་དེར།དེ་ནི་ཞོགས་པ་ཞིག་རེད།བྱང་རླུང་གྲང་མོ་ཞིག་མཚམས་ཚིགས་མེད་པར་ལྡང་ཞིང་།ཁྱོད་ཀྱིས་སྔར་ནང་ལྟར་སློག་ཧྲུལ་སྐྱ་བོ་དེ་རྒྱབ་ལ་གོན་ནས་བེའུ་དང་འབྲུ་མོའི་ཁ་བཀར་ཞོར་དང་།ལྕི་བ་ཕུད་ཞོར་བར་ནས་རྒྱང་མིག་བལྟ་ཐེངས་ཤིག་ལ་ལུག་ཁྱུ་བཤར་ནས་མིག་རྒྱང་གིས་མི་ཆོད་ཙམ་ལ་ཐོན་འདུག་པས་ཁྱོད་ནི་ལག་པ་ཐོད་ལ་ཀེར་བཞིན་ལུག་ཁྱུའི་རྗེས་སུ་ཡུག་ཡུག་ཏུ་བསྙེགས།

ཁྱོད་ཀྱིས་ལུག་ཁྱུ་དེད་ནས་ན་ཐུང་ལ་ཁར་ཐོན་དུས།གློ་རྡེག་ལ་རྒྱུ་ཞབས་ནས་ཟུག་གཟེར་ཞིག་བཙག་ཤད་རྒྱུག་རྒྱུག་གིས་ལུས་ཡོངས་སུ་ཁྱབ་ནས་ཁྱོད་རང་ཉོབ་པོར་བཏང་།དེ་ནི་ཕྱིས་སུ་མི་རྣམས་ཀྱིས་༼ཐེའུ་ཕྲུག༽ཏུ་འབོད་པ་དེས་ཁོ་དང་འཇིག་རྟེན་བར་གྱི་སྒོ་གླེགས་བརྡུངས་པ་ཡིན་ཨང་།གང་ལྟར་ཁོས་སེར་སྣ་དང་སྣང་དོགས་སྤུ་ཙམ་མེད་པར་ཁྱོད་ཀྱི་པད་ཁ་ཟུམ་པའི་རྒྱུ་ཞབས་སུ་རྡོག་ར་བྱས་ནས་ཁྱོད་རང་ཏབ་ཅིག་ལ་རྔུལ་ཆུ་ཞོམ་ཞིང་མཆུ་འདབས་ལ་ཁྲག་ཤ་ཞན་པར་བྱས།གཅིག་བྱས་ན།འདི་ནི་ཁོས་ཁྱོད་ལ་ན་རག་བྱེད་ཐེངས་ཐོག་མ་དེའང་མིན་པས་ཁྱོད་ཀྱིས་ཁ་ཡ་ཆེར་མ་བྱས་ལ་ཅུང་ཙམ་གྱིས་ན་ཟུག་ཀྱང་ཡལ་བར་གྱུར།

བདུན་ཕྲག་གཅིག་ལ་ཉེ་བར་ཆུ་བཅགས་ཟིན་པའི་ལུག་ཁྱུས་ད་ནི་ལྟེམ་མེར་འཁྱིལ་བའི་རྨ་ཆུ་སྔོན་མོ་མཐོང་འཕྲལ།སྐོམ་པའི་གདུང་བ་ཤུགས་དྲག་ཏུ་ཕྱིན་ཏེ་ལ་ངོས་ནས་རྦབ་རྡོ་ཉིལ་ཉིལ་གྱིས་ཆུ་རྨ་ཆུའི་གཞུང་ལ་བཏབ་སོང་།དེའི་མུར་ཁྱོད་ཀྱིས་ཀྱང་ལག་ག་འཁས་ཞན་རེ་གཉིས་འདམ་དུ་ཟུག་འགྲོ་བར་དོགས་ནས་ཐུར་ལ་གོམ་ཁ་འཁྱེར་བར་བརྩམས།རྨ་ཆུའི་ངོས་ནས་ཁྱོད་ཀྱི་གདོང་ཁར་མཚམས་མེད་པར་བསེར་བུ་ཞིག་གཡུགས་ཏེ་མགོར་གཅུད་པའི་ལག་ཕྱིས་གློ་ཁ་དེ་དང་སྐྲའི་ལན་བུ་མཉམ་དུ་བསྡེབས་ནས་འཕྱོ་ཞིང་།སྐབས་སྐབས་སུ་ཁྱོད་ཀྱང་བར་སྣང་དུ་འཕྱོ།ཁྱོད་ནི་གླག་མོ་བཞིན་བྲག་དམར་གྱི་ཐེམ་པ་ནས་འཕུར་ཏེ་གནམ་འཕང་གཅོད་པ་འདྲ།ཁྱོས་རང་ཉིད་ཀྱང་སྐོམ་པའི་གདུང་བའི་ལུག་ཁྱུ་བཞིན་རྨ་ཆུའི་གཞུང་ལ་ཐིམས་ན་འདོད་བྱུང་།

ཁྱོད་ཀྱིས་འདམ་ལ་ཟུག་པའི་ལག་ག་དེ་དག་འདམ་ལས་བླངས་རྗེས།ལུག་ཁྱུ་སྔ་བ་རྣམས་ལ་རྐེད་ཙམ་དུ་ཐོན་འདུག ཁྱོད་རང་རྨ་འགྲམ་དུ་བསྡད་ནས་བལྟ་དུས།ཁྱོད་ཀྱིས་ཅི་ཞིག་མཐོང་བྱུང་ངམ།ཆུ་མོའི་ཕར་འགྲམ་ནི་ཁྱོད་རང་སྐྱེ་ས་འཚར་ཡུལ་དེ་མི་ཡིན་ནམ།དེ་ད་ནི་ཁྱོད་དང་འབྲེལ་བ་མེད་པའི་ཡུལ་གྲུ་གཞན་ཞིག་རེད།

ཡི་ཆད་དང་སྐྱོ་སྣང་འདྲེས་མའི་ཡར་ལངས་བསམ་དུས།ཁྱོད་ཀྱི་རྒྱུ་ཞབས་སུ་ཡང་བསྐྱར་ཟུག་གཟེར་རྒྱས།རེབ་འདི་ནི་སྔོན་མ་དག་ལས་བཟོད་བསྲན་དཀའ་བ་ཞིག་རེད་དམ།ཁྱོད་ཀྱིས་སྔར་འབྱིན་མ་མྱོང་བའི་འཁུན་སྒྲ་ཞིག་འབྱིན་པ་དང་།རིམ་གྱིས་དེ་ནི་ཨག་སྐད་རིང་བོ་ཞིག་ཏུ་གྱུར་ནས་ཁ་གཏད་ཀྱི་གྲོག་རོང་ལས་བྲག་ཅ་མཚམས་མེད་པར་མཆེད་ཡོང་།ཟུག་གཟེར་དེས་ཁྱོད་ཀྱི་གང་ཞིག་ནས་རུས་རྐང་དང་བཅས་པ་ཧྲུག་སེ་གཅོག་པ་བཞིན།ལུས་པའི་ལྷུ་ཚིགས་རེ་རེ་ནས་ཚལ་མར་བགོས་ཚར་འགྲོ་བསམ་ནའང་།ཁྱོད་ཀྱིས་ད་དུང་སུ་ཞིག་ཞེ་ལ་འཁོར་གྱིན་པ་འདྲ།ཁྱོད་ཀྱི་དེ་སྔའི་ཡི་ཆད་དང་སྐྱོ་སྣང་འདྲེས་མའི་མིག་མདངས་ལས་འཁོན་སེམས་ལྟ་བུའི་མེ་ལྕེ་ཞིག་འབར་བར་བྱེད་ལ།ལག་པ་ཟུང་ནི་ངན་ལངས་སུ་ཤོར་བའི་བྱིས་པ་པྲ་ཆལ་ཞིག་ལྟར་མཚམས་མེད་པར་གང་སར་སྤར་ཚལ་བྱེད།དེ་ལྟར་དུས་ཡུན་ག་ཚོད་ཕྱིན་སོང་ངམ།གང་ལྟར་ཁྱོད་ཀྱི་སྣང་བ་ཞིག་ལ་ཚེ་རབས་འདིའི་སྡུག་བསྔལ་མ་ལུས་མྱངས་ཚར་སོང་བ་འདྲ།

ཨག་སྐད་དང་ངུ་ངག་འདྲེས་མའི་ཁྲོད་ནས་སྐྱེས་པའི་ཐེའུ་ཕྲུག་དེ།ཡང་ན་ཨ་ཡིག་རང་བྱོན་ཞིག་ལས་སྐྱེས་པའི་ཐེའུ་ཕྲུག་དེས་ནི་ཅི་ཞིག་མཐོང་བྱུང་བ་ཁོ་ཐག་རེད།ཁོས་ནི་མི་ཡུལ་འདིའི་འཁྱག་གྲང་མ་བཟོད་པའམ་ཁྱོད་ཀྱི་སྡུག་ཡུས་ལྕི་བའི་ངོ་གདོང་མཐོང་བ་ཅི་ཡིན་མི་ཤེས་མོད།ཁྱོད་ལ་མཚོན་ན་རང་གི་ལུས་ནས་ཤ་ཁྲག་དུམ་བུ་ཞིག་ཆད་པ་འདྲ་ལ།བཙའ་གཟེར་ཁྲོད་ཐེའུ་ཕྲུག་དེ་མི་ཡུལ་དུ་བསུས་པ་ནི་ཁྲེས་པོ་ལྗིད་མོ་ཞིག་ཐང་ལ་ཕོག་པའི་བདེ་སྣང་ཞིག་འདུག རེབ་དེར་ཁྱོད་ཀྱིས་རང་ལས་ཆད་པའི་ཤ་རྡོག་དེ་ཚུར་པང་དུ་ལེན་བསམ་དུས་ཟུངས་ཟད་ནས་རྐ་ལག་རྐྱོང་བསྐུམ་ལའང་དཀའ་ཚེགས་ཀྱིས་མནར། 

ལྟེ་ཐག་དུམ་བར་བཅད་པའི་ཁྲག་ཐིགས་བྱེ་མའི་ངོས་སུ་ཟགས་ནས་འཐིམས་པར་གྱུར།ཁྱོད་ཀྱི་མིག་མདངས་སྔར་ལས་མོག་པོར་གྱུར་ལ།ཐེའུ་ཕྲུག་དམར་འབྱར་དེ་ཤེད་ཡོད་རྒུའི་སློག་ཧྲུལ་གྱི་རུམ་ལ་བླངས་ནས་དྲོད་རྒྱས་པར་བྱས།ཁྱོད་ཀྱི་མཆུ་འདབས་སུ་ཁྲག་ཤ་ཡལ་ཞིང་འཛིངས་པའི་སྐྲ་ལོ་གདོང་ཁར་བྲན་པའི་གསེབ་ན་ཆུ་ལོགས་རྒྱུག་པའི་ཤུལ་ཏུ་རླུང་གིས་ཁུར་ཡོང་བའི་བྱེ་རྡུལ་ཆགས་འདུག ཁྱོད་རང་དེ་གར་དྲན་མེད་དུ་ཉལ་ནས་ཅི་ཙམ་འགོར་བ་མི་ཤེས་མོད།ཁྱོད་རང་ཕྱིར་སད་དུས་རུམ་གྱི་བུས་པ་དེས་ངུ་སྐད་འཇགས་ཟིན་ཅིང་ལུག་ཁྱུ་ཡང་མིག་གི་མཐོང་ཡུལ་དུ་མི་འདུག  ཁྱོད་ཀྱི་འཁས་ཞན་པའི་གདོང་ལ་འཚིག་པ་ཟ་བའི་རྣམ་འགྱུར་སྔར་མེད་པ་ཞིག་མངོན་ཡོང་།

“ཁྱོད་ཚིག་ཐོག་ནས་བསྡད་པ་འདི་ཡིན་ནམ།ཨཱ།ཁྱི་ཕྲུག་་་་་་”ཁྱོད་ཀྱི་སྐད་ནི་ཅུང་ཙམ་གྱིས་འགྲགས་ནས་ངག་དེ་ཙམ་མི་ཐོན་པར་གྱུར།

“གནམ་རྒན་མ།ད་ནི་ངས་ཅི་བྱའམ་་་་་་”ཁྱོད་རང་པང་གི་ཐེའུ་ཕྲུག་དེ་ལ་ཞེན་ལོག་སྔར་མེད་པ་ཞིག་སྐྱེས་པ་འདྲ་ལ།ཚམ་ཚོམ་མེད་པར་བུས་པ་དེ་རྨ་ཆུར་བསྐྱུར་ནའང་བསམ།ཆུ་མོའི་བཞུར་སྒྲ་ཤང་ཤང་གྲགས་ཤིང་རླུང་བུས་འབྲབ་བསྐྱོད་འོག་ཏུ་རླབས་རྒྱུན་མཁའ་རུ་རྩེན།ཆུ་མོའི་ཕར་ངོགས་ནི་ཁྱོད་ཀྱི་སྐྱེ་ས་འཚར་ཡུལ་རེད།ཁྱོད་ཀྱིས་ཆུ་མོའི་ཕར་ངོགས་སུ་མིག་ཟུང་རྡེབ་ཙམ་ཡང་མ་བྱས་པར་ཅེར་ནས།དུས་ཀྱི་སྐད་ཅིག་མ་རེ་རེའི་རྗེས་སུའང་མིག་འཁྲུལ་བ་མིན་ཚེ།ཉིན་དང་མཚན་ལ་རེ་བའི་མི་ཕོ་དེ་གོ་གྲུར་བསྡད་ནས་ཐོན་ཡོང་བར་སྒུག

ཁྱོད་ཀྱི་ངག་ནས་གདངས་མི་ཐོན་ལ།ལུས་ཀྱི་ཟུངས་ཡང་ཟད་ནས་རྐང་བའི་ཉྭ་སྒྱིད་ལྷེམ་ལྷེམ་འདར་ནའང་།ཁྱོད་ཀྱིས་ད་དུང་ཆུ་མོའི་ཕར་ངོགས་ནས་མི་ཕོ་ཞིག་གིས་ལ་གཞས་སིང་སིང་ལེན་བཞིན་ཐོན་ཡོང་བར་སྒུག ཉི་མ་གུང་དཀྱིལ་ཡོལ་ནས་དགོང་ཁར་ཉེ།ན་ནིང་དེ་ལོར་ཁྱོད་གཉིས་ཐོག་དང་བོར་རྨ་འགྲམ་ནས་ཐུག་དུས་ཀྱང་སྲོད་ཁ་ཞིག་ཡིན།ས་སྲོད་དེར་ཁོས་ཁྱོད་ཀྱི་མ་ཆུང་སེམས་སུ་སྐད་ཆ་འོ་མ་འདྲ་བ་མང་བོ་ཞིག་ཆུ་ལྟར་བྱོ།རེབ་དེར་ཁྱོད་ཀྱིས་ཁོས་ལབ་པའི་“ནམ་ཞིག་གི་ཚེ”ཟེར་བའི་ཉིན་མོ་དེ་མྱུར་བར་གདོང་གིས་བསུས་ན་བསམ་ཞིང་མགོ་བོ་ཁོའི་དང་ག་རུ་འཁེན་ནས་བུས་པ་སྙིང་རྗེ་ཞིག་གི་ཚུགས་ཀ་ཡང་ཐོན།

ཐེངས་མང་བོར།ཁོ་རང་ཁྱོད་ཀྱི་ཡངས་པོར་ཕྱེས་པའི་དྲ་མིག་བརྒྱུད་ནས་ཁྱོད་ཀྱི་གད་ཁ་མའི་ལང་ཚོ་ལ་རྔོན་པར་སླེབས།ཕྱིས་སུ་སྡེ་ཚོ་ཕྱི་ནང་གི་མི་ཚོས་ཁོ་ནི་ཁྱི་ར་རྒྱག་མཁན་ཞིག་ཡིན་ཚུལ་ལབ་ལ།ཁོ་ནི་བུད་མེད་རྒན་ཚང་ཞིག་གིས་བུ་སྐལ་དུ་བླངས་པའི་གཞུག་ཁྲིད་ཅིག་ཡང་ཡིན་ཟེར།ཁོ་རང་ཁྱོད་དང་འདྲ་བར་གྲོང་སྡེའི་སྟོན་ཐོག་གང་དུ་རིག་རྒྱུ་མེད་པའང་དེའི་རྐྱེན་ཡིན་པ་ད་གཟོད་རྟོགས།ཁྱོད་རང་གནས་ལ་འགྲོ་ཁའི་ཉིན་མོ་དེར་བརྒྱ་ཚོགས་སྟོང་འདུས་ཁྲོད་ནས་ཁྱོད་ཀྱིས་ཁོ་རང་བཙལ་རྙེད་མི་ཐུབ་པ་ཡང་དེའི་རྐྱེན་ཡིན་པ་རྟོགས།ཁོ་ནི་མུན་པ་ཤུབས་སུ་གྱོན་ནས་ཁྱོད་ལ་ཚེ་འདིའི་ཁྲེལ་གཞུང་གླེང་མཁན་ཙམ་དང་སྐྱ་མདའ་བཏང་མཚམས་སུ་ཉིན་མོའི་སྐར་མ་བཞིན་ཁྱོད་དང་རིང་དུ་གྱེས་འགྲོ་མཁན་ཞིག་རེད།

ཁྱོད་ཀྱི་བྱིས་བློའི་དྭངས་གཙང་དང་དཀྱུས་གཅིག་ཏུ་འདྲེས་པའི་ལང་ཚོའི་མེ་ཏོག ཁ་གད་མ་ཐག་ཙམ་ནས་མུན་པའི་གདོང་འབག་གྱོན་མཁན་གྱི་སྐྱེས་པ་དེ་དང་གྲངས་མང་བའི་ཐང་ཉལ་ཁྲོད་ནས་རྙིད་པར་གྱུར།ཁྱོད་ཀྱིས་ཅི་ནས་ཀྱང་རང་གི་གཅེས་པའི་སྲོག་ལས་ཆད་པའི་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་དེ་རྨ་ཆུའི་གཞུང་དུ་བསྐྱུར་མ་ཐུབ་ལ།གད་ཕུགས་དང་བྲག་སྐྱིབས་གང་དུའང་གནམ་སར་མཆོད་པར་དབུལ་མ་བཏུབ།དེ་ལ་རུ་བསྐོར་ཁྱིམ་མཚེས་དག་གིས“སྡུག་ཐང་ན་ཡོད་པ་ཐོད་ལ་བླངས་ནི་རེད”ཟེར།

ལོ་མང་འགོར་བའི་རྗེས་སུ་ཨ་ནེ་ལྷ་མཚོས་བཤད་ན།ཁྱོད་ཀྱིས་སྡུག་ལན་ཆགས་དེ་ཐོད་ལ་བླངས་ཉིན་ནས་བཟུང་།ཁྱོད་རང་སྦྲ་ཞོལ་མ་ཚང་གི་མོ་ཁྱིམ་དུའང་ཤོང་མ་ནུས་ལ།དེ་ཉིན་ནས་ཁྱོད་ཀྱིས་ཉིན་ཞག་མང་བོ་ཞིག་ལ་ང་རང་སློག་ཧྲུལ་ཁུད་དུ་རུམ་ནས་འཁོར་བའི་ཆུ་ནག་བཏུང་ཞིང་རྩམ་སྐྱ་འགེམ།ཁྱོད་ཀྱིས་ང་རང་མཐེབ་ཆུང་གྲོག་སྦུར་ཙམ་ནས་མི་གྲལ་དུ་ཚུད་རག་བར་ལ་མཐའ་ནས་སྐྱོར་ཞིང་སྔུན་ནས་ཁྲིད་པའི་ལོ་ཟླ་རིང་མོ་དེ།ངས་ཡིད་ཀྱི་སྣང་ངོར་བརྗེད་ངས་ཀྱི་རླུང་བུས་བསྐྱོད་ཚར་ནའང་།ངའི་ཕྱིར་དྲན་གྱི་གཏིང་མཐའ་ན་ད་དུང་རླུང་ཁའི་དར་ལྕོག་བཞིན་འཚེར་སྣང་གིས་བསྐྱོད་པ་ནི།ཁྱོད་ཀྱིས་ཐེངས་མང་བོར་ང་རང་འཛོང་ཁུག་ཏུ་གཅུད་ཅིང་་རྒྱབ་ལ་འཁུར་ནས་ཁ་ཆར་དང་ལྷགས་བསེར་གོས་སུ་བྱས་ཏེ་རྒྱང་རིང་གི་གནམ་ས་འདྲེས་མཚམས་བར་བརྒལ་ཞིང་ཡང་བསྐྱར་གནམ་སའི་མཚམས་ནས་ལུག་ཁྱུ་ལྷས་ལ་བསྐྱིལ་ནས་ཡོང་།

ང་རང་ཀྱ་ཙེ་གོམ་ཙེ་ཐུབ་མ་ཐུབ་ཀྱི་དགུན་གཞུང་དེར།གང་ནས་ལྡང་ཡོང་མིན་མི་ཤེས་པའི་ཡམས་ནད་ཅིག་རླུང་དམར་འཚུབ་པ་བཞིན་བཏུལ་ཐང་ཧྲིལ་བོར་གཡུགས་སོང་།ལོ་མང་འགོར་བའི་རྗེས་སུ་སྡེ་བའི་རྒན་རྒོན་ཚོ་ཉིན་ཁར་ཉི་མར་འདེ་བཞིན་“སིབ།སིབ།སིབ”ཟེར་ལ།སིབ་བུ་ལྡང་ནས་མི་ཟོག་མང་བོ་ཞིག་ཁ་དག་སོང་ཚུལ་བཤད་དུས།མི་རྣམས་ད་དུང་ཁོང་འདར་རྒྱག་པར་བྱེད།མང་པོ་ཞིག་གིས་དེ་ནི་མཛེ་ནད་དམ་གདོན་ནད་ཅིག་ཏུ་འདོད་ནས་དེ་ཕོག་མཁན་ཚོ་མི་ཁྱུ་ནས་བཀར་ཏེ་རྒྱང་བཀྱེད་ནས་བལྟ་ཞིང་།ཏག་ཏག་མི་ཁྱུ་ནས་ཕུད་པ་དེའི་ཁྲོད་དུ་ཁྱོད་ཀྱང་ཡོད།

སིབ་བུའི་རླུང་དམར་འཇགས་ནས་ལོ་མང་འགོར་དུས་ཀྱི་སྟོན་ཁ་ཞིག་ལ་སྦྲ་ཞོལ་མ་ཚང་ལ་མིར་ན་ཚ་དང་ཕྱུགས་ལ་གོད་ཁ་རྒྱབ་ནས།ཨ་ལགས་རིན་པོ་ཆེར་ལུང་བསྟན་ཞུས་པར་ཁྱོད་ཀྱི་བེམ་པོ་བཏབ་སའི་ས་ཆུ་འཁྲུགས་པས་རྐྱེན་ཡིན་ཟེར་བ་ལ།མི་མང་གིས་ཁྱོད་ཀྱི་ཀེང་རུས་སོབ་པོ་ཙམ་ལས་ལྷག་མེད་པའི་དུར་ཁུང་གཏིང་ནས་བྲུས་ཏེ་རྨ་ཆུའི་གཞུང་ལ་བསྐྱུར།ཁོ་ཚོས་སྔར་ནས་ཁྱོད་ཀྱི་མིང་དང་བཅས་པ་བརྗེད་ཚར་འདུག ཁོ་ཚོ་སྒོར་སྒོར་བྱས་ཏེ་“མོ་སྡུག་ལ་གཏོད་མཁན་ནི་གར་ཡོང་མི་ཤེས་པའི་ཐེའུ་ཕྲུག་དེ་ལན་པ་རེད”

“སིབ་བུ་ནི་མང་ཆེ་བ་བྱ་བུས་ཚོར་འགོ་བའི་རིམས་ནད་ཅིག་ཡིན་ལ།མོའི་ལུས་ལའང་ཐེའུ་ཕྲུག་དེའི་སྟེང་ནས་འགོས་པ་རེད”

“དེ་དུས་མོ་ལུག་རྫིར་སོང་ཤུལ་ཏུ་ཐེའུ་ཕྲུག་དེ་ཐེངས་མང་བོར་ཐེའུ་རང་གིས་ཁྲིད་སོང་ཟེར་ནས་མོ་དགོང་ཁར་ཕྱིར་ཐོན་ན།ཐེའུ་ཕྲུག་དེ་བཙལ་ནས་ཨག་ར་ཨག་སྐོར་བྱེད་པའི་སྒྲ་དེ་ད་རུང་ཡང་རྣ་ལམ་ལ་བཤགས་འདུག”ཟེར་ཞོར་མ་ཎི་བགྲང་།

སིབ་བུ་ཁྱོད་ཀྱི་བཙག་ཁར་བསྐྱོད་པའི་ངོ་གདོང་དང་རྣ་རྒྱབ།མགྲིན་པའི་རྩ།ལག་མཐིལ་དང་རྐང་མཐིལ་དུ་བྱུ་རུ་བཞིན་བབས་ཏེ།དྲེག་པ་ཆགས་པའི་ཁྱོད་ཀྱི་གདོང་མདོག་དམར་ཁ་ཚ།ཁྱོད་རང་མཚམས་རེར་མདུན་དུ་ཡུག་ཡུག་ངང་འགྲོ་ཞིང་།མཚམས་རེར་ཉག་ཁིས་རེར་བསྡད་ནས་དབུགས་ཧལ་ཧལ་ལངས་པའི་སྒྲ་ལ་ལུད་སྒྲ་འདྲེས་འདུག ཁ་རླངས་རྫོབ་པོ་སམ་སིམ་དུ་འཐོར་ཡོང་བའི་ཁ་བ་དང་ལྷགས་ངར་འདྲེས་མའི་མཁའ་དབུགས་ཁྲོད་དུ་གྱ་མ་གྱུར།ངའི་མགོ་བོ་ཁྱོད་ཀྱི་ཚ་བ་རྒྱས་པའི་བྲང་ཁུགས་སུ་བསྙེས་ནས་ཉན་ན།ཁྱོད་ཀྱི་སྙིང་གི་འཕར་ལྡིང་ནི་འདྲོགས་ལངས་པའི་རྟ་རྒོད་བཞིན་ཐང་ཆེན་པོ་ཞིག་བང་གིས་གཅོད་པ་འདྲ།

ཁྱོད་ཀྱིས་ང་རང་འུབ་བཏབ་ནས་གང་དུ་འགྲོའམ།ནུབ་ཁ་དེར་རི་སྡེ་དེ་ཆུ་ལ་ཆུ་བཞག་པ་ནང་ལྟར་འཇགས་ལ།ཐ་ན་ཁྱི་སྐད་ཅིག་ཀྱང་གོ་རྒྱུ་མི་འདུག ངས་ཁྱོད་ཀྱི་སློག་ཧྲུལ་ཁུད་ནས་ཁྱོད་ཀྱི་སྙིང་གི་འཕར་ལྡིང་དང་དབུགས་ཧལ་ཧལ་ལེན་པའི་སྒྲ།ལན་རེར་ཁྱོད་ཀྱི་ཐུ་སྣེ་རྩི་ཏོར་ཐོགས་པའི་སྒྲ་ལས་ཅི་ཡང་ཐོས་རྒྱུ་མི་འདུག་་་་་་

“བྱ་བུས་འདི་་་ བྱ་བུས་འདི་ཁྱོད་ཚོར་གཏད་ནི་ཡིན།ཨ།དྲིན་ཆེན་ཚོ།་་་་་་་”སྐད་ཆ་འདི་ལོ་མང་འགོར་བའི་རྗེས་སུ་བྱང་སོག་པོའི་རྟ་རར་ཇག་ལ་སོང་བའི་རྟ་ཇག་བསྐོར་ཞིག་གིས་ན་ཐུང་ལ་ཁར་ཁྱོད་ཀྱི་ངག་ནས་གོ་བ་ཡིན་ཟེར།ཁོ་ཚོས་ཁྱོད་ཀྱི་བེམ་པོ་རྟར་བཀལ་ནས་སྦྲ་ཞོལ་མ་ཚང་ལ་ཐོན་དུས་ཀྱི་ནངས་མོ་དེར།རི་སྡེ་དེའི་མི་རྣམས་ཀྱི་མིག་ཟུང་རབ་རིབ་ཏུ་གྱུར་ནས་ཁྱོད་རང་ངོ་མི་ཤེས་ལ།ཁོ་ཚོ་ཕན་ཚུན་གི་གདོང་ལ་ཅེར་ནས་བསྔོ་སྨོན་གྱི་མ་ཎི་མཚམས་མེད་པར་བགྲང་།

སྟོན་མགོའི་བ་མོ་ས་ལ་ཆགས་པའི་ནངས་མོ་དེར།སིབ་ཀྱིས་མཛེས་པའི་ཁྱོད་ཁངས་དང་བསེར་བུས་ཁྱེར་ནས་གང་ལ་བྱིན་སོང་ངམ།ཁྱོད་རང་སིབ་བུས་དམར་གདན་ཁུར་ནས་ཆུ་རྨ་ཆུའི་ཕ་མཐའ་བརྒལ་སོང་།ཁྱོད་རང་སིབ་བུས་འཁྲུག་ཆ་བཏོད་ནས་ཚེ་ཕྱི་མའི་ཡུལ་ལ་ལྟད་མོར་ཕྱིན་སོང་།ཁྱོད་རང་དེ་ལྟར་ས་ཆེན་གྱི་ཕང་བར་གན་རྐྱལ་དུ་ལོག་ནས་མི་ཡུལ་འདིའི་བདེ་སྡུག་གང་ཡང་མི་ཚོར་བར་གྱུར།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སིབ།

2017-03-23 ཐང་ལ།(མཚོ་ལྷོ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།