ཀླད་ཀོར་གྱི་བརྩམས་སྒྲུང་གསར་པ། 《མེ་མདའ》

ཀླད་ཀོར།(སྨར་ཁམས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-04-12

    འགྱུར་མེད་ནམ་མཁའ་སད་དུས། སྟོད་ཐུང་གི་པར་ཁུག་ཏུ་མེ་མདའ་ཞིག་བཅུག་ཡོད་པ་ཚོར།

   འགྱུར་མེད་ནམ་མཁའ་ཉལ་སྐབས་གོས་ཕུད་ནས་ཉལ་བའི་གོམས་གཤིས་མེད། དུས་རྒྱུན་ཁོ་རང་ཞྭ་མོ་ཡང་གྱོན་གྱིན་ཉལ་བཞག་དུས་ཉལ་ཁང་གཅིག་པའི་སློབ་མ་རྣམས་ཁོ་ལ་ལྟ་བཞིན་ཧ་ཧ་བགད་ངེས། ཁོའི་བློ་ངོར་མི་ཞེས་པ་དེ་ཡ་མཚན་ཞིག་རེད། ཉིན་དཀར་ལ་གོས་དཀར་ཁྲ་དམར་ཁྲ་གྱོན་གྱིན་བྱ་བ་གང་ཞིག་བྱེད་ཆོག་དང་མི་ཆོག་པའི་སྐོར་སྒམ་ཚུགས་ཀྱིས་གྲོས་བྱེད་ཅིང་། མཚན་མོ་ཤར་ཚེ་དམར་རྗེན་ངང་མལ་ཐུལ་སྲབ་མོའི་འོག་ཏུ་འཛུལ་འགྲོ། འདི་ལྟར་མི་གཅིག་དུས་མི་འདྲ་བ་གཉིས་ཀྱི་ནང་དུ་སྣ་ཁ་གཉིས་སུ་གྱུར་འགྲོ་བ་མཐོང་།

  དེ་རིང་ཡར་ལངས་དུས་སྟོད་ཐུང་པར་ཁུག་ཏུ་ལྗིད་ལྗིད་ཏིག་ཏིག་གི་མེ་མདའ་ཞིག་ལྷུང་འདུག གལ་སྲིད་ཁོ་རང་མཚན་མོར་སྟོད་ཐུང་གྱོན་ནས་ཉལ་བའི་གོམས་སྲོལ་ཞིག་མེད་ན་དོན་དག་འདི་འདྲ་ཞིག་ཁོའི་ལུས་ཐོག་ཏུ་བྱུང་མི་སྲིད། མེ་མདའ་དེ་གནམ་རྒན་མས་ཁོས་སྟོད་ཐུང་གྱོན་ནས་ཉལ་བའི་གླ་ལ་སྟེར་བ་རེད་ཅེས་ཟེར་ནའང་ཆོག  

   ཁོས་གློག་བརྙན་ནས་མངོན་སུམ་དུ་ལྷུང་བ་ལྟར་བུའི་མེ་མདའ་དེ་ལ་ལྟ་བཞིན་མངོན་སུམ་དུ་གློག་བརྙན་ཞིག་འཁྲབ་དགོས་སྙམ།

   ཁ་སང་དང་བཅས་པའི་བགྲང་བྱ་དུ་མའི་ནང་གི་གོམས་གཤིས་ལྟར། དེ་རིང་ཆུ་ཚོད་བཅུ་པ་ཕྱེད་ཀར་གཉིད་ལས་སད། ཁོས་མེ་མདའ་དེ་ལ་ཞིབ་ལྟ་ཡིད་ཚིམས་པ་ཞིག་བྱས་རྗེས། དེ་རིང་བློ་བསྟན་ཡང་སློབ་ཚན་ཚོགས་སུ་མི་འགྲོ་བར་གཉིད་བསྡད་ཡོད་པ་མཐོང་། 

  ཁོས་ཉལ་ཁང་འགྲམ་གྱི་འཁྲུད་ཁང་ནང་གི་ཆུ་ཀ་ལ་ཁ་ཕྱེ་སྟེ། ཁ་ལག་བཀྲུས་རྗེས་སླར་ཉལ་ཁང་དུ་ཐོན་དུས་བློ་བསྟན་བྱ་རྨྱང་བྱེད་ཀྱིན་ཡར་ལངས་པའི་སྒང་རེད། ཁོ་རང་སླར་ཡང་མལ་ཁྲིའི་ཐོག་ཏུ་ཙོག་གིན་མེ་མདའ་ཐུང་ཐུང་དེ་ལ་ཞིབ་ལྟ་ཡིད་ཚིམས་པ་ཞིག་བྱས། ལྗིད་ཏིག་ཏིག་གི་དངོས་པོ་དེ་ནི་འཇིག་རྟེན་འདིའི་དོན་དམ་བདེན་པའི་དངོས་པོ་ཉག་གཅིག་དེ་ཡིན་པ་བཞིན་ཁོའི་ལག་པར་གྲང་ངར་སྦྱིན། བློ་བསྟན་གྱིས་མལ་ཁང་དུ་རྒྱུན་ལྡན་མེད་པའི་དངོས་པོ་ཞིག་ཡོད་པ་ད་དུང་ཡང་ཚོར་མི་འདུག 

  བློ་བསྟན་མིག་རུབ་རུབ་ངང་ཡར་ལངས་ཤིང་དག་རྫ་དང་ལག་ཕྱིས་སོགས་ལག་ཏུ་ཅི་ཟིན་ཁུར་ཏེ་ཆུ་ཀ་ལ་ཡོད་སར་བུད་སོང་། ཁོས་ཁ་པར་རྩེད་དྲག་ཏེ་ཏུའུ་༦༠༠ལྷག་ཡོད་པའི་མིག་གིས་འགྱུར་མེད་ནམ་མཁའ་མཐོང་མ་སོང་ལ་འགྱུར་མེད་ནམ་མཁའི་ལག་ནང་དུ་ཡོད་པའི་དངོས་པོ་དེའང་མཐོང་མ་སོང་། ཡང་གཅིག་བཤད་ན་ཁོས་དེ་རིང་གི་འགྱུར་མེད་ནམ་མཁའ་ནི་ཁ་སང་དང་བཅས་པའི་བགྲང་བྱའི་ནང་གི་འགྱུར་མེད་ནམ་མཁའ་དེ་ཡིན་པ་ངོས་འཛིན་པ་འདྲ། དེ་ན་དུས་ནམ་ཡང་རོ་ཉལ་བརྒྱབ་ནས་བསྡད་པའི་འགྱུར་མེད་ནམ་མཁའ་ལ་ལྟ་རྒྱུ་ཅི་ཞིག་ཡོད་དམ། མིང་ལ་འགྱུར་མེད་ཅེས་ཐོགས་དོན་ཡང་། ཁ་སང་འགྱུར་བ་མེད་པ་དང་དེ་རིང་སྔར་བཞིན་འགྱུར་བ་མེད་པ། ལོ་ཉི་ཤུའི་རྗེས་སུ་ཡང་འགྱུར་བ་མེད་པའི་འགྱུར་མེད་དེ་ཡིན་དགོས་པ་མིན་ནམ། ཡིན་ཡང་མི་ཞིག་གི་ལག་ཐོག་ཏུ་དངོས་པོ་ཞིག་ལྷུང་པ་ན་དེ་ལ་འགྱུར་བ་བྱུང་སྲིད་པ་གློག་བརྙན་གྱི་ནང་དུ་མང་པོར་མཐོང་མྱོང་བཞིན་དུས་རྒྱུན་སྐྱོ་སྣང་གི་ན་བུན་འཁྲིགས་ཡོད་པའི་འགྱུར་མེད་ནམ་མཁའ་གི་མིག་ནང་དེ་རིང་འོད་རྣོན་པོ་ཞིག་འཕྲོ་བཞིན་འདུག 

  མེ་མདའི་ནང་དུ་ལྕགས་ཀྱི་མདེའུ་ལྔ་བཅུག་འདུག ཁོས་མེ་མདའ་འདི་ལ་ཤུགས་ཅི་ཙམ་ཡོད་པ་བརྟག་འདོད། སྒེའུ་ཁུང་གི་ཤེལ་སྒོ་དང་སྦི་རག་ཤེལ་དམ་སྟོང་པ་སོགས་ལ་མེ་མདའ་བརྒྱབ་མཁན་ནི་ནར་མ་སོན་པའི་བྱིས་པ་དག་ཡིན་སྲིད། ཕོ་ལོ་ཉི་ཤུར་སོན་པའི་ཁོ་ལྟ་བུའི་སྐྱེས་པ་ཕོས་དེ་དག་ལ་མེ་མདའ་བརྒྱབ་ག་ལ་སྲིད། མདའ་གཅིག་གིས་ཤྭ་བོ་གཉིས་གསོད་མི་ཐུབ་རུང་། ཤྭ་བོ་ལ་མེ་མདའ་ཚོད་ཀྱིས་བརྒྱབ་ན་ཕོག་ནའང་སྲིད། མི་ཕོག་ནའང་ཉེ་འགྲམ་དུ་རྡུལ་འཚུབ་འདྲ་བསླངས་སྟེ། ཤྭ་བ་ཁྱུ་གཅིག་དཀྲོག་ཐུབ། གལ་སྲིད། ཁང་པའི་ནང་གི་ཤེལ་དམ་སྟོང་པར་བརྒྱབ་པ་ཡིན་ན། སྒེའུ་ཁུང་གི་ཕྱི་རོལ་དུ“ང་རང་ལྟོགས་བྱུང་། ང་རང་ལྟོགས་བྱུང”ཞེས་སྐད་ཅོ་རྒྱག་གིན་པའི་གྲོང་ཁྱེར་འདིའི་བྱིའུ་གླེན་པ་དེ་དག་ཀྱང་དཀྲོགས་མི་ཐུབ། གྲོང་ཁྱེར་འདིའི་ནང་དུ་ཤྭ་བ་ཁྱུ་གཅིག་གང་དུ་འཚོལ་དགོས་སྙམ་སྐབས། བློ་བསྟན་གྱིས་འདྲུད་ལྷམ་འདྲུད་ཀྱིན་སྒོ་ནས་ཐོན་བྱུང་།

  གཅིག་ལྟོས་དང་། འགྱུར་མེད་ནམ་མཁའི་དག་རྫས་རྡོག་པོ་དེ་བློ་བསྟན་གྱི་ལག་ནང་དུ་འདུག་པ་མ་ཟད། ཁོའི་ལག་ཕྱིས་དེ་ཡང་བློ་བསྟན་གྱི་སྐེ་ལ་གཟར་འདུག ལག་ཕྱིས་དེས་བློ་བསྟན་གྱི་གདོང་ངོས་སུ་ཡོད་པའི་འབྲུམ་བུ་དག་ཀྱང་ཕྱིས་ཡོད་ངེས། ད་དུང་ཁོའི་སོ་འཁྲུད་བྱེད་ཀྱི་སྤུ་ཤད་དེ་ཡང་བློ་བསྟན་གྱི་ཁ་ནང་བཅུག་འདུག་ལ་ལྦུ་བ་སེར་པོ་ཞིག་ཟགས་ཀྱིན་འདུག ལག་ཕྱིས་དེ་ལ་སྒོར་སུམ་ཅུ་སྤྲད་པ་ཡིན། དག་རྫས་ལ་སྒོར་བཅུ་རེད། སོ་འཁྲུད་བྱེད་ལ་སྒོ་ལྔ་རེད། བློ་བསྟན་གྱིས་ཅི་ཡང་ཉོ་བཞིན་མི་འདུག མཐར་ན་ཆུ་ཁོལ་ཡང་འགྱུར་མེད་ནམ་མཁའི་པེ་ཙི་ནང་འཐུང་ཤགས་ཤགས་བྱེད། 

  འདི་དག་ངའི་རེད་ཅེས་བློ་བསྟན་ལ་གསལ་བཤད་བྱེད་དགོས་དོན་ཡོད་དམ། གསལ་བཤད་བྱེད་ཀྱང་བྱ་བ་རྣམས་ཇེ་སྡུག་ཏུ་འགྱུར་བ་ལས་ཡག་ཕྱོགས་སུ་འགྲོ་མི་སྲིད།

  དེ་བས་བློ་བསྟན་མེད་པར་བཟོས་བཞག་ན་གནད་དོན་མང་པོ་ཞིག་ཐག་གཅོད་ཐུབ་ངེས། མཐར་ན་ཁོའི་གདོང་ངོས་ཀྱི་འབྲུམ་བུའི་ནད་དེའང་རང་བཞིན་གྱིས་མེད་པར་འགྱུར་འགྲོ། 

  ཁོས་མེ་མདའི་ཀང་པ་མནན་པ་ན། ཀག་སྒྲ་དང་མཉམ་དུ་དུས་རྒྱུན་ཟིལ་བའི་འོག་ཏུ་སྐམ་ལ་རན་པའི་ཆུ་ཐིགས་ཤིག་གསོག་ཡོད་པ་བཞིན་གྱི་མིག་དེ་གློ་བུར་ཆེན་པོར་གྱུར། 

  ཁོས་བློ་བསྟན་གྱི་རོ་དེ་ཉི་ཁྱམས་སུ་དྲུད་པ་དང་སློབ་དེབ་རྙིང་པ་མང་པོའི་འོག་ཏུ་སྦས།

  ཁོའི་ལག་པ་ཁྲག་གིས་སྦངས་འདུག དུས་རྟག་ཏུ་གདོང་མདོག་ཤོར་ཡོད་པའི་ལྟས་ངན་དེའི་ལུས་པོ་ནང་ཁྲག་དམར་པོ་འདི་ལྟར་རྒྱུ་བཞིན་ཡོད་པ་རྟོགས་མ་ཐག ཁོ་རང་ཅུང་ཧ་ལས་སོང་། 

  དག་རྫས་ཁུར་ཏེ། ཆུ་ཀ་ལའི་ཕྱོགས་སུ་རྒྱུག་འགྲོ་སྐབས། བར་ཁྱམས་སུ་སློབ་གྲོགས་མང་པོ་གཉིད་མ་སད་དུ་འགྲོ་བཞིན་པ་མཐོང་། ཁོ་ཚོས་མེ་མདའི་སྐད་དེ་མདང་དགོང་བལྟས་པའི་གློག་བརྙན་དེའི་ནང་དུ་གྲགས་པར་ངོས་བཟུང་པ་འདྲ། རྫས་དྲི་བྲོ་བའི་མལ་ཁང་ཨང་༥༠༡ནང་དུ་བལྟ་ཙམ་ཡང་བྱས་མ་སོང་།

  ལག་པ་དེ་ཆུ་ཀ་ལའི་འོག་ཏུ་ཅི་ལྟར་བཀྲུས་ཀྱང་ངོས་ཀྱི་ཁྲག་དག་ཙམ་ཡང་མི་བྱེད་པར་ཇེ་དམར་དུ་གྱུར། ཁོས་དེའི་རྒྱུ་མཚན་ནི་ད་ལྟ་ཆུ་ཀ་ལ་ཡོད་ཚད་ཀྱི་ཁ་ཕྱེ་ཡོད་པས་རེད་སྙམ། སློབ་མ་མང་པོས་རང་ཉིད་མདུན་གྱི་ཆུ་ཀ་ལ་དེ་ཁ་ཕྱེས་ནས་དེའི་འོག་ཏུ་ལག་པ་དང་ཁ་ངོ་འཁྲུད་བཞིན་འདུག ཁོའི་ལག་ངོས་ཀྱི་ཁྲག་དམར་ལ་ལྟ་ཙམ་ཡང་བྱས་མ་སོང་། ཁོས་གལ་སྲིད་ཆུ་ཀ་ལ་མང་པོའི་ཁ་ཕྱེ་མེད་ན། ཁོའི་ལག་ངོས་སུ་ཟགས་བཞིན་པའི་ཆུ་དེའང་འདི་འདྲའི་ཤུགས་མེད་པ་ཞིག་ཡིན་མི་སྲིད། ཆུ་ལ་ཤུགས་ཡོད་ན་ཁོའི་ལག་ངོས་ཀྱི་ཁྲག་དམར་རྣམས་ཀྱང་དག་འགྲོ་སྙམ་གྱིན། ཁོ་རང་ཆུ་ཀ་ལའི་མདུན་དུ་འགྲེང་ཡོད་པའི་སྣང་དོགས་ཅི་ཡང་མེད་པའི་སློབ་མ་དེ་དག་ལ་སུན་བྱུང་། ལྷག་ཏུ་ཁོ་ཚོས་ལོ་ངོ་སྟོང་ཕྲག་ལྷམ་ཙམ་འཇིག་རྟེན་འདིའི་ཐོག་ཏུ་གསོན་རྒྱུ་ཡིན་པ་ལྟ་བུའི་ཚུགས་ཀ་ཞིག་ཁུར་བསྡད་པ་ལས། མི་གཞན་གྱི་ཁྲག་ལ་སྣང་དོགས་ཅི་ཡང་མི་འདུག དེ་དག་མཐོང་ཞིང་ཚོར་བས་ཁོ་ལ་ཁོང་ཁྲོ་ཚད་མེད་ལངས། ཁོས་མེ་མདའི་མཆུ་ཏོ་མི་རེ་རེ་ལ་གཏོད་བཞིན་གྲངས་ཀ་ཞིག་བརྩིས་པ་ན། ཁྱོན་བསྡོམས་མི་བཅུ་འདུག ཡིན་ཡང་ཁོའི་མེ་མདའི་ནང་དུ་མདེའུ་ལྔ་ལས་གཅིག་འཐེན་པ་ན་བཞི་རེད། བཞི་མ་གཏོགས་ལྷག་མེད། མེ་མདའ་སླར་ཡང་པར་ཁུག་ཏུ་བཅུག་དགོས་བྱུང་།

   ཉལ་ཁང་སྟོང་པ་དེ་རྒྱབ་ཏུ་བཞག་ཏེ། བར་ཁྱམས་བརྒྱུད་དེ་འགྲོ་སྐབས། ཤ་རྡོག་མཁྲེགས་པོས་ཁེངས་པའི་ལུས་རྩལ་གླིང་གི་སློབ་མ་གཟུགས་རིང་དེས་ཁོ་ལ་ཕྲག་པ་བརྒྱབ་བྱུང་། དུས་རྒྱུན་མི་གཞན་གྱིས་ཁོ་ལ་ཕྲག་པ་བརྒྱབ་ཡོང་ཚེ་མ་ཚོར་པ་ལྟར་བྱས་ཏེ་ཕྱིན་འགྲོ་མོད། དེ་རིང་ཁོའི་པར་ཁུག་ནང་དུ་མེ་མདའ་ཡོད་པས་མི་གཟུགས་རིང་ཚོར་སྐྲག་དགོས་དོན་མི་འདུག དེ་མུར་གཟུགས་རིང་དེའི་ལྟག་རྒྱབ་ཏུ་མེ་མདའ་ཞིག་འཕངས་པ་ན་དེའི་སྟོབས་ཤུགས་ཁེད་ཀྱིས་ཡལ་ཏེ་བར་ཁྱམས་སུ་འགྱེལ་ཐལ། ཁོས་བེམ་པོ་རིང་པོ་དེར་སྙིང་ཚིམས་པའི་རྡོག་ཐོ་ལན་གསུམ་ཞུས་རྗེས། དྲུད་དེ་རྡོ་སྐས་འོག་གི་སྟོང་སར་བཞག་མ་ཐག སྒོ་སྲུང་བུད་མེད་རྒྱགས་པ་དེས“བར་ཁྱམས་སུ་བྲིས་ཆུ་དམར་པོ་འདི་ཚོ་སྟོར་མཁན་སུ་རེད”ཅེས་སྐད་ཅོ་བརྒྱབ་པ་གོ 

  ཁོ་རང་མོ་ལ་ཟུར་གང་ཐུབ་བྱས་ཏེ་སྒོར་བུད། 

  ཁོ་རང་སློབ་རའི་ནང་གི་སྨྱུག་མ་ཆེས་མང་སའི་འདུག་སྟེགས་རིང་བོ་ཞིག་གི་ཐོག་ཏུ་ཙོག་གིན། དེ་རིང་གི་གནམ་གཤིས་འདི་འདྲའི་ཡག་དོན་ཅི་ཡིན་ནམ། པེ་ཅིང་གི་དུ་སྤྲིན་དག་གང་དུ་བུད་སོང་བ་ཡིན་ནམ་སྙམ་གྱིན། པེ་ཅིང་གི་ནམ་མཁའ་ནི་མེ་ལོང་ལྟར་སྔོ་ལྷང་ལྷང་ཡིན་དུས། དོན་དག་འདྲ་བྱུང་སྲིད་དམ་སྙམ་སྟེ་སེམས་ཁྲལ་ཡོང་བ་ཞིག་རེད། 《སྙིང་སྡུག་མ། ངས་ཁྱོད་རང་དྲན་གྱི》ཞེས་པའི་སྙན་ངག་ཅིག་བློས་བསླངས་བྱས་མོད། དགའ་རོགས་ཆ་གཅིག་ཁོའི་འགྲམ་དུ་སྙིང་གཏམ་འཆད་ཀྱིན་མདུན་དུ་ཕྱིན། ཁོ་གཉིས་ཕན་ཚུན་གྱི་ངོ་གདོང་ལྡག་ལ་ཁད་ལྡག་ལ་ཁད་བྱས་ཀྱང་མཐར་ལྡག་ངོ་མ་ནི་ལྡག་མ་སོང་། བུ་མིག་ཤེལ་ཅན་དེས་ཁོ་ལ་ཟུར་ཟའི་འཛུམ་ཞིག་བསྟན་རྗེས་སྨྱུག་མའི་ནང་དུ་འཛུལ། 

  ཁོས་རྗེས་དེད་ནས“ཨ་རོགས་གཉིས། གང་དུ་འགྲོ་གི་ཡིན”ཞེས་བོས།

  ཁོ་གཉིས་ཀྱིས་ཧ་ལས་དོགས་ཀྱིས“ཅི་ཟེར”ཞེས་རྒྱ་སྐད་ཀྱིས་དྲིས། 

  ཁོས་རྒྱ་སྐད་ཀྱིས“ང་རང་ལམ་ནོར་ཤོར་ཐལ། དཔེ་མཛོད་ཁང་ས་ཆ་གང་དུ་ཡོད་དམ”ཞེས་དྲིས།

  “ཕར་གྱི་ལམ་ཆེན་དེ་དེད་ནས་སོང་ན་དཔེ་མཛོད་ཁང་དུ་སླེབ”

  “བཀའ་དྲིན་ཆེ”གུས་དུད་དང་བཅས་ཁོ་གཉིས་ལ་རྒྱ་སྐད་ཀྱིས་བཀའ་དྲིན་ཞུ་ཞིང་མེ་མདའ་ཡར་བླངས་ནས་རྒྱ་མོ་མཛེས་མ་དེའི་ཐོད་པར་གཏད། ཕར་རོལ་པོ་གཉིས་ཀ་ཧ་ཧ་བགད་བྱུང་།

  “ཁྱོད་ཀྱིས་རྩེད་ཆས་འདི་གང་དུ་ཉོ་བ་ཡིན། ངོ་མ་མེ་མདའ་དང་འདྲ་པོ་འདུག”བུ་དེས་འདི་ལྟར་བཤད་མ་ཐག མེ་མདའི་ཁ་གྲགས་བྱུང་། སྐར་ཆ་གཅིག་གི་སྔོན་གྱི་མཛེས་མ་དེ་ད་ནི་བལྟར་མི་བཟོད་པར་གྱུར།

  བུ་དེས་རང་ཉིད་ཀྱི་མཛའ་མོའི་རྣམ་པ་མཐོང་མ་ཐག ཕྱི་བལྟས་མེད་པར་བྲོས་སོང་། ཁོས་ཁོའི་རྒྱབ་གཟུགས་ལ་མེ་མདའ་ཞིག་རྒྱག་བསམ་མོད། སྨྱུག་མ་མང་དྲགས་པས་ཁོ་རང་ག་སོང་ཆ་མེད་དུ་ཡལ། 

  ཚུར་ལོག་པའི་ལམ་ཁར་སྨྱུག་མའི་ལོ་མ་སྐམ་པོ་སྤུངས་པའི་ཁྲོད་དུ། མེ་ཏོག་དམར་ལ་ཆུན་པོ་ཞིག་བཞད་ཡོད་པ་མཐོང་། མི་རྣམས་ཀྱིས་མེ་ཏོག་འདི་ལ་རྒྱ་སེ་ཞེས་འབོད་ཅིང་ཕོ་མོའི་བརྩེ་བ་མཚོན་བྱེད་ཡིན་ཟེར། ཁོས་བལྟས་ན་སར་གཏོར་བའི་ཁྲག་སྤར་མོ་གང་དང་འདྲ་འདུག དེ་ནི་བརྩེ་དུང་གི་རྒྱབ་ཏུ་སྦས་པའི་མིང་ལ་འདོད་སྲེད་ཅེས་པའི་མེ་ལྕེ་དམར་ལམ་ལམ་ཅན་དེའི་མཚོན་བྱེད་དུ་འོས་སྙམ་གྱིན། མེ་ཏོག་དེ་ལའང་མེ་མདའ་ཞིག་འཕང་གྲབས་བྱས་ཀྱང་། རྙོག་དྲ་བཟོས་དགོས་དོན་མི་འདུག མེ་ཏོག་དེ་རྡོག་པས་བརྫིས་པ་ན“ཨ་ཚ”ཟེར། “ཨ་ཚ”ཟེར་མཁན་དེ་མེ་ཏོག་དེ་རེད་སྙམ་མོད། ན་རྒྱུ་ནི་རང་ཉིད་ཀྱི་རྐང་པ་ན་བཞིན་འདུག ཁོས་རྐང་པའི་འོག་ཏུ་ཟུག་པའི་ཚེར་མ་དེ་མར་འཐེན་པ་ན་ལྷམ་དཀར་པོ་དེ་ཁྲག་གིས་དམར་འདུག ཁྲག་དེ་ནི་མེ་ཏོག་གི་ཁྲག་དང་རང་ཉིད་ཀྱི་རྐང་པའི་ཁྲག་གཉིས་ལས་གང་གི་ཡིན་པ་བརྟག་སྐབས། ལག་ངོས་ཀྱི་ཆུ་ཚོད་འཁོར་ལོའི་སྐར་མདའ་རིང་ཐུང་གཉིས་ཀ་ཆུ་ཚོད་བཅུ་གཅིག་སྐར་མ་བཅུ་ལ་རེ་རེ་བཞིན་གཏད་ཡོད་པ་མཐོང་བས་འཐེང་གིན་སྨྱུག་མ་ནས་ཕྱིར་ཐོན།

  “མཱ་མཱ”ཁོ་རང་སྨྱུག་མ་ནས་ཐོན་ཏེ། ཕྱི་རོལ་གྱི་མཁའ་རླུང་གཙང་མ་རྔུབ་སྐབས། ཞི་ཕྲུག་སྙིང་ལ་རྗེ་མོ་ཞིག་ཉི་འོད་འོག་ཏུ་མིག་རུབ་རུབ་བྱས་ནས་ཉལ་འདུག ཁོས་ཞི་ཕྲུག་དེ་པང་དུ་ལེན་མ་ཐག ལམ་འགྲམ་ན་ཡོང་བཞིན་པའི་བུ་མོ་གཉིས་ཀྱིས་སྙིང་རྗེ་མདོག་གིས་ཁོ་དང་ཞི་ཕྲུག་ལ་བལྟ། ཁོས་ཀྱང་ཁོ་གཉིས་ལ་སྙིང་རྗེ་མདོག་གི་འཛུམ་མདངས་སྟོན་གྱིན༼   སྙིང་རྗེ་མོ། སྙིང་རྗེ་མོ ༽ཟེར་གྱིན་ཞི་ཕྲུག་དེར་ཡང་ཡང་བྱིལ། ཞི་ཕྲུག་གིས་ཀྱང་ཤིན་ཏུ་སྐྱིད་མདོག་གིས་མིག་རུབ་རུབ་བྱས།

  བུ་མོ་དེ་གཉིས་ལམ་ཟུར་དུ་ཡལ་བ་ན། ཁོས་ཞི་ཕྲུག་གི་རྣ་ཅོག་ལག་པས་བཟུང་སྟེ་སྨྱུག་མའི་གསེབ་ཏུ་བརྒྱངས་པ་དང་མེ་མདའི་ཁ་ཞི་ཕྲུག་གིས་གྲོད་པར་གཏད་དེ་ཀང་པ་མནན། མེ་མདའ་དེ་དཔེ་ཁུག་ནང་བཅུག་རྗེས་མེ་མདའི་བྲག་ཆ་རུ“དགའ་བྱུང་དགའ་བྱུང་ལ།། སྐྱིད་བྱུང་སྐྱིད་བྱུང་ལ།།”ཞེས་པའི་ཤོ་ཞིག་འདེབས་ཀྱིན་སློབ་ཁང་གི་ཕྱོགས་སུ་སོང་།

  “ཀ་ཅ་ཏ་པ་ཙ་རྣམས་ཕོ།།

   ཁ་ཆ་ཐ་ཕ་ཚ་མ་ནིང་།།”བུད་མེད་དགེ་རྒན་དེས་སློབ་ཚན་ཁྲིད་བྱུང་།

  ཁོས་སྔོན་ཏག་ཏག་ལ་བསད་མྱོང་བའི་ཉལ་ཁང་གཅིག་པའི་སློབ་གྲོགས་བློ་བསྟན་སྒེའུ་ཁུང་འགྲམ་གྱི་ཉི་འོད་དུ་ཙོག་འདུག་པ་མཐོང་བས་ཧ་ལས་ནས་ཁོ་ལ་ཧད་སྐབས། བློ་བསྟན་གྱིས་ཀྱང་ཁོ་ལ་ལྐོག་འགྱུར་གྱི་འཛུམ་མདངས་ཤིག་བསྟན་བྱུང་། ཁོས་དཔེ་ཁུག་ནས་ལག་ཉུལ་བྱེད་ཀྱིན་སུམ་རྟགས་སླབ་དེབ་དེ་བཙལ་ཡང་སྒྲུང་དེབ《མེད་པར་འགྱུར་བའི་མཛའ་མོ》ཞེས་པ་དེ་ལས་མ་རྙེད། ཁོས་སྒྲུང་དེབ་དེ་ཁ་ཕྱེ་སྟེ་ཤོག་གྲངས་ག་གེ་མོ་ཞིག་ནས་ཀློག་སྐབས་ཤོག་ལེབ་དེའི་ནང་དུ་མཛའ་མོའི་མཛུམ་མདངས་ཞིབ་འབྲི་བྱས་ཡོད་པ་རིག ཡིན་ཡང་ཁོས་འཛའ་མོ་དེའི་འཛུམ་མདངས་ནི་དུག་ལས་སྐྱེས་པའི་མེ་ཏོག་ཞིག་དང་འདྲ་འདུག་ཨང་སྙམ། ཤིན་ཏུ་སྐོམ་པའི་བུང་བ་དག་ཐག་རིང་ནས་མེ་ཏོག་དེའི་སར་སྙེགས་ཏེ་སྦྲང་རྩིའི་འདོད་པ་རོལ་དུས་གློ་བུར་ཤི་འགྲོ་ཨང་སྙམ་སྐབས་དགེ་རྒན་གྱིས“འགྱུར་མེད། ནམ་མཁའ”ཞེས་བོས་པ་ཚོར། འཛིན་གྲྭའི་ནང་དུ་འགྱུར་མེད་ཟེར་བ་དང་ནམ་མཁའ་ཟེར་བའི་སློབ་མ་ཞིག་མེད་པས་ཡང་སྙིང་སུ་འབོད་ཀྱིན་ཡོད་དམ་སྙམ་སྐབས་རང་ཉིད་ཀྱི་མིང་ལ་འགྱུར་མེད་ནམ་མཁའ་ཟེར་བ་གཞི་ནས་དྲན། ཁོས་དགེ་རྒན་ལ་ལྟ་སྐབས་དགེ་རྒན་གྱིས་ཀྱང་ཁོ་ལ་ལྟ་བཞིན་མཆིས། 

  དགེ་རྒན་གྱིས“ཁྱོད་ཀྱིས་བཤད་ན། ངས་བཤད་པ་རེད་ཨེ་འདུག”ཟེར།

  ཁོས་ཅི་ཞིག་རེད་ཨེ་འདུག་ཟེར་བ་མི་ཤེས་ཀྱང“རེད་འདུག རེད་འདུག”ཅེས་ལན་བཏབ།

  དགེ་རྒན་ནག་མོ་དེས་མིག་ཤེལ་མར་བླངས་ཏེ་སྒྲོག་རྩེའི་ཐོག་ཏུ་བཞག་རྗེས། ཤིན་ཏུ་མི་དགའ་བའི་རྣམ་འགྱུར་དང་བཅས་ཁོའི་ཕྱོགས་སུ་སླེབས་བྱུང་། 

  མོས“ཁྱོད་ཀྱིས་ཤོག་ལེབ་སུམ་བརྒྱ་ཉི་ཤུ་རྩ་གཅིག་ནང་ལྟ་བཞིན་ཨེ་ཡོད”ཟེར།

   ཁོས“ལྟ་བཞིན་ཡོད”ཅེས་ལན་བརྒྱབ་གྲབས་བྱེད་དུས་མོས་སྒྲོག་རྩེའི་ཐོག་གི་སྒྲུང་དེབ་ཡང་བླངས་སོང་།  མོས་སྒྲུང་དེབ་དེར་སྐར་ཆ་ལྔ་ཙམ་ཞིག་ལ་བལྟས་རྗེས་གདོང་ངོས་སུ་སྐྱུག་བྲོ་བའི་རྣམ་འགྱུར་ཞིག་མངོན་འོང་། ཁོས་ཚོད་དཔག་བྱས་ན་དགེ་རྒན་གྱིས་སྒྲུང་དེབ་ཀྱི་ནང་དུ“མོ་དང་འཕྲད་དུས་དང་པོར་མོའི་འཛུམ་མདངས་མཐོང་སོང་། དེ་ནས་མོ་ལ་ཞིབ་ལྟ་ཞིག་བྱས་པ་ན་འཛུམ་མདངས་ཀྱི་རྒྱབ་ཏུ་ཡོད་པའི་གྲིབ་མ་དེ་མཐོང་། ཁོས་གྲིབ་མ་དེ་ནི་འདོད་སྲེད་ཀྱི་མཚོན་བྱེད་ཡིན་པ་འདོད་དེ་མོ་ལ་དགའ་ཤོར། ད་ལྟ་ཁོ་རང་ཤི་ཁའི་ཆེས་མཐའ་འཇུག་གི་སྐར་ཆ་གཅིག་གི་ནང་དུ་ཁོས་གྲིབ་མ་དེའི་མཚོན་བྱེད་ནི་གཞན་ཞིག་ཡིན་པ་རྟོགས། ཡིན་ཡང་ཡོད་ཚད་འཕྱི་དྲགས་སོང”ཡོད་པའི་མཛའ་མོའི་འཛུམ་མདངས་ཞིབ་འབྲི་བྱས་ཡོད་པའི་དུམ་མཚམས་འདི་མཐོང་བ་འདྲ། དེ་མཐོང་བ་ནི་ཤིན་ཏུ་སླ་སྟེ་དུམ་མཚམས་ཧྲིལ་བོའི་ཡིག་འབྲུ་ཡོད་དོ་ཅོག་ནག་པོར་བཟོས་འདུག དེ་ནི་རྩོམ་པ་པོས་དུམ་མཚམས་དེ་ཤིན་ཏུ་གལ་ཆེ་ཞིག་ཡིན་པ་བསྟན་པ་རེད་སྙམ།

  དགེ་རྒན་གྱིས“ངས་ཁྱོད་ལ་འདི་འདྲ་བསླབ་བྱུང་ངམ”ཞེས་བཤད་པ་དང་སྒྲུང་དེབ་དེ་ཁོའི་མགོ་ཐོག་ཏུ་ལྷུང་། མིང་ནང་གི་ཡོད་ཚད་མུན་པར་གྱུར་ཞིང་མུན་པའི་ནང་སྐར་མ་བཅུ་ལྷག་ཤར་ཡོད་པ་རིག་པ་དང་རྣ་བའི་ནང་དུ་སིང་སྒྲ་གྲགས། དེ་ནས་མུན་པ་རྣམས་ཡལ་སོང་ཁོས་སླར་ཡང་སློབ་ཁང་གི་ནང་དུ་ཡོད་པའི་སློབ་གྲོགས་དང་དགེ་རྒན་མཐོང་བྱུང་། སློབ་གྲོགས་ཡོད་ཚད་ཀྱི་མིག་ནང་དུ་དགའ་སྤྲོའི་རྣམ་པ་ཞིག་ཤར་འདུག བློ་བསྟན་ནི་དེའི་ནང་ནས་དཔེར་འོས་པ་དེ་རེད། 

  དགེ་རྒན་གྱིས་ཁོའི་དཔེ་ཁུག་བླངས་ཏེ་སུམ་རྟགས་སློབ་དེབ་འཚོལ་གྱིན་འདུག ཡིན་ཡང་དཔེ་ཁུག་སྟོང་པའི་ནང་ནས་མེ་མདའ་ཐུང་ཐུང་ཞིག་མར་ལྷུང་པ་ལས་ཅི་ཡང་མི་འདུག དགེ་རྒན་གྱིས་རྩེད་ཆས་དང་འདྲ་བའི་མེ་མདའ་དེ་བླང་གྲབས་བྱེད་དུས་ཁོས་མགྱོགས་མྱུར་ལག་རིང་བཀྱངས་ཏེ་དགེ་རྒན་གྱིས་མེ་མདའ་མ་བླང་གོང་དུ་བཟུང་ཐུབ་པ་བྱས།

  ཁོས་མེ་མདའི་ཁ་དགེ་རྒན་དེར་གཏད་པ་ན་དགེ་རྒན་གྱིས་ཁོའི་རྣམ་འགྱུར་འཇིགས་པོ་དེའམ་མེ་མདའ་ཡི་ངོས་ཀྱི་ཁྲག་རྗེས་དག་མཐོང་བ་འདྲ། ནག་པང་གི་ཕྱོགས་སུ་ཕྱིར་ནུར་བྱས།

  སྐབས་དེར་ཉི་འོད་ནང་དུ་འཛུམ་མདངས་ཀྱིས་ཁེངས་ཡོད་པའི་བློ་བསྟན་གྱིས“རྒན་ལགས། སྐྲག་དགོས་དོན་མེད། ཁོས་མེ་མདའ་འདི་ཁ་སང་ཕྲུ་གུའི་རྩེད་ཆས་འཚོང་ས་ཞིག་ནས་སྒོར་གསུམ་སྟེར་ནས་ཉོས་སོང”ཟེར་བ་ཐོས་འཕྲལ། དགེ་རྒན་གྱིས་གདོང་གི་སྐྲག་སྣང་ཡལ་སོང་ལ་ཁོང་ཁྲོ་ལངས་པའི་རྣམ་པ་རུས་པ་ནས་གདོང་ངོས་སུ་མངོན་བྱུང་། 

  དགེ་རྒན་སླར་ཡང་ཁོའི་ཕྱོགས་སུ་མ་ཡོང་གོང་དུ་མེ་མདའ་ཡི་ཀང་པ་མནན།

  ཀག་སྒྲ་སྣ་ལ་གཟན་དགོས་པ་ཞིག་གྲགས་ཡོང་བ་དང་མཉམ་དུ་ནག་པང་ངོས་ཀྱི་ཕོ་མོ་མ་ནིང་གི་ཡི་གེ་ཡོད་ཚད་ཁྲག་གིས་དམར་སོང་།

  སློབ་གྲོགས་རྣམས་སྐད་ངན་ཤོར་གྱིན་སྒོ་ནས་གང་ཐར་གྱིས་བྲོས།

  ཁོས་མེ་མདའི་ཁ་ནས་ཐོན་པའི་རྫས་དྲི་བྲོ་བའི་དུ་བར་ཕུ་ཞིག་བཏབ། མདེའུ་ཚར་སོང་སྙམ།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀླད་ཀོར་གྱི་བརྩམས་སྒྲུང་གསར་པ། 《མེ་མདའ》

2018-04-12 ཀླད་ཀོར།(སྨར་ཁམས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།