མཛུབ་དཀྲིས་ཀྱི་གསང་བ།

ཆོས་དབྱིངས་རྒྱ་མཚོ།(དཀར་མཛེས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-11-21

  གཅིག

  ཞོགས་པ་དེར། ཕག་མོ་སྐྱིད་ཀྱིས་གྱོན་པ་བཀྲུ་དགོས་སྙམ་སྟེ་ཚི་དྲེག་ཅན་རྣམས་བསྡུ་གསོག་རྒྱག་སྐབས། ཁྱོ་གའི་རྐང་སྣམ་གྱི་གློ་ཁུག་ཏུ་དངོས་པོ་ཞིག་ལྷག་ཡོད་པ་ཚོར། ཁོ་མོས་མཚར་སྣང་ཆེན་པོས་ཁུག་མའི་ནང་ལ་ལག་པ་སྙོབ་སྐབས་གཞི་ནས་སྒོར་ཁུག་ཡིན་པ་རྟོགས་པས། མཚར་སྣང་དེའང་ཉི་ཤར་རྗེས་ཀྱི་སྤྲིན་པ་བཞིན་གར་སོང་ཆ་མེད་དུ་གྱུར། འོན་ཀྱང་། ཁོ་མོས་སྒོར་ཁུག་ཕྱི་ལ་ལེན་སྐབས་སྒོར་ཁུག་གི་བར་ནས་དངོས་པོ་ཆུང་ཆུང་ཞིག་ཐག་སྒྲ་དང་བཅས་སར་ལྷུང་སོང་བ་གསལ་པོར་ཐོས་པ་ན། སླར་ཡང་མཚར་སྣང་ཞིག་གིས་མགོ་ལུས་རྟིང་གསུམ་ས་ལ་དྲུད་བྱུང་བས། གཟབ་ནན་གྱིས་ལྟ་སྐབས་དེ་ནི་རང་གིས་ཁྱོ་གར་སྦྱིན་པའི་གསེར་གྱི་མཛུབ་དཀྲིས་ཆུང་ཆུང་དེ་རེད་འདུག

  “སྒོར་ཁུག་ཏུ་སྒོར་མོ་མི་བཙུད་པར་མཛུབ་དཀྲིས་བཅུག་ནས་ཅི་བྱེད་དམ།” ཕག་མོ་སྐྱིད་ཀྱིས་རྒྱུ་མཚན་ཡང་དག་ཅིག་མ་རྙེད་པས། ཁོ་མོ་ཡུད་ཙམ་ལ་མཛུབ་དཀྲིས་དེར་ཅེར་ནས་འདང་རྒྱག་གི་ནང་དུ་ལྷུང་། འོན་ཀྱང་། ཁྱོ་གའི་སྔུར་བ་རིང་པོ་དེས་ཁོ་མོ་འདང་རྒྱག་ལས་སད་པར་མ་ཟད། སླར་ཡང་ཅི་མི་སྙམ་པའི་ངང་མཛུབ་དཀྲིས་སྒོར་ཁུག་ཏུ་ཕྱིར་བཞག་སྟེ་སྔས་འགྲམ་དུ་བསྐྱུར་ཅིང་། རྐང་སྣམ་སོགས་གྱོན་གོས་འགའ་ཁྱེར་ནས་གོས་འཁྲུད་ཁང་དུ་ཕྱིན།

  གཉིས།

  ཉིན་ཞག་མང་པོ་ཞིག་འགོར་སོང་། ཕག་མོ་སྐྱིད་ཀྱིས་མཛུབ་དཀྲིས་ཀྱི་སྐོར་ལ་བསམ་བློ་མ་བཏང་ནས་ཉིན་ཞག་མང་པོ་ཞིག་འགོར་སོང་། འོན་ཀྱང་། ཉིན་ཞག་མང་པོ་ཞིག་གི་རྗེས་སུ། ཕག་མོ་སྐྱིད་ཀྱིས་བློ་བུར་དུ་རང་གི་ཁྱོ་གའི་མཛུབ་མགོར་སྔར་བཞིན་གསེར་གྱི་མཛུབ་དཀྲིས་དེ་མཐོང་རྒྱུ་མེད་པ་གསར་རྟོགས་བྱུང་།

  “ངས་སྤྲད་པའི་མཛུབ་དཀྲིས་དེར་ཁྱོད་རང་དགའ་པོ་མེད་ན་ང་ལ་ཕྱིར་སྤྲད་རོགས།” ཉིན་གུང་དེར། ཕག་མོ་སྐྱིད་ཀྱིས་ཁྱོ་གའི་ལག་ལ་ཇ་ཕོར་གཏད་ཞོར་དུ“མཛུབ་དཀྲིས་དེ་ནི་ཕ་རྒན་དྲིན་ཆེན་པོས་ང་ལ་མགར་བ་ཡིན། ཁོང་ཉིད་ད་དུང་འཚོ་བཞུགས་གནང་ཡོད་ན་སྐྱོན་མེད་ཀྱང་། ད་ནི་མཛུབ་དཀྲིས་དེ་ཁོ་ན་ལས་ང་ལ་ཅི་ཡང་བསྐྱུར་མེད་པས་ང་རང་གིས་དྲན་རྟེན་དུ་ཉར་ཆོག”ཅེས་ནན་ཏན་ངང་བཤད་བྱུང་།

  “མཛུབ་དཀྲིས་དེ་ང་ལ་སྦྱིན་ཚར་བ་མིན་ནམ། ད་ཡང་ཕྱིར་ལེན་སྲོལ་ཡོད་དམ།”

  “ཁྱོད་ཀྱིས་འདང་ཆེན་མ་བྱས་ན་ང་ལ་ཕྱིར་སྤྲད་པས་དགའ།”

  ཕག་མོ་སྐྱིད་ཀྱི་ཁྱོ་གས་ཆུང་མའི་སྐད་ཆ་དེར་ལན་ཅི་ཡང་མ་སྦྱིན་ལ་ཇ་ཕོར་བཟུང་སྟེ་ཐད་ཀར་རང་ཉིད་ཀྱི་དཔེ་ཁང་དུ་ཕྱིན་པས། ཕག་མོ་སྐྱིད་ཀྱིས་ཀྱང་ཡིན་མིན་གྱི་ལན་ལ་མ་བསྒུགས་པར་མུ་མཐུད་དུ་ཁྱིམ་ལས་ལ་བྲེལ།

  གསུམ།

  ཕག་མོ་སྐྱིད་ཁྱོ་ཤུག་གཉིས་ཀས་ནུབ་འཚལ་འཐུང་ཚར་ནས་བརྙན་འཕྲིན་ལ་ལྟ་བཞིན་ཡོད་པའི་དགོང་མོ་དེར། བར་སྐབས་ཤིག་ལ་ཕག་མོ་སྐྱིད་ཀྱི་ཁྱོ་ཀར་བརྙན་འཕྲིན་ལ་ལྟ་རྒྱུ་སུན་སྣང་སྐྱེས་པས། ཐད་ཀར་གོ་འགྲམ་ནས་ཀན་རྐྱལ་དུ་ལོག་སྟེ་ཁ་པར་རྩེ་དགོས་སྙམ་སྐབས། བློ་བུར་དུ་རྐང་སྣམ་གྱི་གློ་ཁུག་ནས་སྒོར་ཁུག་ས་ལ་ལྷུང་སོང་། སྒོར་ཁུག་ས་ལ་ལྷུང་བ་དང་དུས་མཉམ་དུ་ཕག་མོ་སྐྱིད་ཁྱོ་ཤུག་གཉིས་ཀས་དོན་དག་གལ་ཆེན་ཞིག་ཡིད་ལ་དྲན་པ་ལྟར་སུ་མགྱོགས་གང་མྱུར་གྱིས་སྒོར་ཁུག་ལ་བསྙབས། འོན་ཀྱང་། ཕག་མོ་སྐྱིད་དང་སྒོར་ཁུག་གི་དབར་དུ་བར་ཐག་ངེས་ཅན་ཞིག་ཡོད་པས། ཁྱོ་གའི་ལག་པ་མགྱོགས་སོང་།

  “ཁྱོད་ཀྱི་སྒོར་ཁུག་གི་ནང་དུ་ངས་མཐོང་མི་ཆོག་པ་ཅི་ཡོད།” ཕག་མོ་སྐྱིད་ཀྱིས་ཅུང་མ་རངས་པའི་ཚུལ་གྱིས་དེ་ལྟར་བཤད།

  “ཅི་ཡང་མེད།”

  “ཅི་ཡང་མེད་ན། ཁྱོད་ལ་དེ་འདྲའི་འཚུབ་ཆ་ལངས་དགོས་དོན་ཅི།”

  “འཚུབ་ཆ་ལངས་མེད། ངས་རང་གི་སྒོར་ཁུག་ས་ནས་བཏུས་པ་ཙམ་ཡིན།”

  སྐད་ཆ་དེར། ཕག་མོ་སྐྱིད་ཀྱིས་ཅི་ཞིག་བཤད་དགོས་མ་ཤེས་པས། ཡུད་ཙམ་ལ་ཁུ་སིམ་མེར་འདུག་དགོས་བྱུང་། འོན་ཀྱང་། ཕག་མོ་སྐྱིད་ཀྱིས་ཁྱོ་གའི་སྒོར་ཁུག་ནང་ལ་ཐེངས་གཅིག་ལྟ་འདོད་ཀྱི་འདུན་པ་མེ་ལྕེ་བཞིན་འབར་བས་སླར་ཡང་སྐད་ཆ་བཤད།

  “ཁྱོད་ཀྱིས་མ་བཤད་ནའང་། ངས་ཁྱོད་ཀྱི་སྒོར་ཁུག་ཏུ་ཅི་ཞིག་ཡོད་ཧ་གོ་བ་རེད།”

  “ཡ། ཅི་ཞིག་འདུག”

  “ངས་ཁྱོད་ལ་སྤྲད་པའི་མཛུབ་དཀྲིས་དེ་ལས་ཅི་ཞིག་ཡོད་སྲིད།”

  “མ་རེད།”

  “འོ་ན། མཛུབ་དཀྲིས་གང་ན་ཡོད།”

  “བོར་བརླག་ཐེབས་སོང་།”

  “འོ་ན། སྒོར་ཁུག་ཏུ་ཅི་ཞིག་བསྐུངས་ཡོད།”

  “ཅི་ཡང་མེད།”

  བཞི།

  ཕག་མོ་སྐྱིད་ཀྱིས་ཁྱོ་གའི་སྒོར་ཁུག་ཏུ་དོན་དམ་པར་ཅི་ཞིག་བསྐུངས་ཡོད་དམ་སྙམ་ནས་དུས་ཡུན་རིང་ཙམ་འགོར། ཡིན་ནའང་། ཁོ་མོའི་དྲན་པའི་ངོས་སུ་ནམ་རྒྱུན་འཆར་ཐུབ་པ་ནི་རང་ཉིད་ཀྱིས་སྤྲད་པའི་གསེར་གྱི་མཛུབ་དཀྲིས་དེ་ཁོ་ན་རེད།

  ཕག་མོ་སྐྱིད་ཀྱི་ཁྱོ་ག་ལས་གྲོགས་འགའ་དང་མཉམ་དུ་ཨ་རག་གིས་ར་བཟི་བར་གྱུར་ནས་ཕྱིར་ཁྱིམ་ལ་ལོག་དུས། ནམ་གུང་གི་ཆུ་ཚོད་བཅུ་གཉིས་པ་རེད་འདུག ཕག་མོ་སྐྱིད་ཀྱིས་ཁྱོ་གར་སྒོ་ཕྱེས་ཤིང་གོས་ལྷམ་སོགས་འཕུད་རོགས་བྱས་ཏེ་ལེགས་པར་བསྙལ་བ་དང་། རང་ཉིད་ཀྱང་ཉལ་བར་གྲ་སྒྲིག་བྱེད་སྐབས་གློ་རྡེག་ཏུ་ཅི་ཞིག་དྲན་བྱུང་།

  ཡུན་རིང་བཙལ་བའི་གོ་སྐབས་དེ་འདི་ལྟར་ལས་སླ་མོའི་ངང་མངོན་འགྱུར་བྱུང་བ་དྲན་དུས། ཕག་མོ་སྐྱིད་ལ་ཁོག་པའི་གཏིང་ནས་དགོད་རྒྱུ་ཞིག་བྱུང་མོད། འོན་ཀྱང་། ཁོ་མོས་ཨམ་གཙུགས་བསྡམས་ཏེ་སྐད་ཅི་ཡང་མ་ཕྱུང་བར་ཁྱོ་གའི་རྐང་སྣམ་གྱི་གློ་ཁུག་ནང་གི་སྒོར་ཁུག་བླངས།

  ཕག་མོ་སྐྱིད་ཀྱིས་རྒྱལ་ཁའི་འཛུམ་མདངས་ཤིག་གདོང་ལ་བསྡུས་ཏེ་སྒོར་ཁུག་གི་ནང་ལ་ལྟ་སྐབས། ཁོ་མོ་ཐ་ན་རང་ཉིད་ཀྱི་མིག་དབང་དྲོན་མོར་ཡང་ཡིད་མི་ཆེས་པར་གྱུར་སོང་།
                                                                                   ༢༠༢༡ལོའི་ཟླ༩ཚེས༢༨ཉིན་གྲུབ།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མཛུབ་དཀྲིས་ཀྱི་གསང་བ།

2021-11-21 ཆོས་དབྱིངས་རྒྱ་མཚོ།(དཀར་མཛེས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།